ལོངས་ཤོག་རྒྱ་གར་ལོངས་ཤོག་བོད་ཅེས་པའི་རྒྱལ་ཡོངས་གོམ་བགྲོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

29december200811ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༣༠ཉིན་སྤེལ། རྒྱ་གར་གྱི་གྲོང་ཁྱེར་བྷོ་པལ་ནང་རྟེན་གཞི་བྱེད་པའི་མ་ཧ་ཏི་མ་གྷན་དྷིའི་བོད་དོན་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཚོགས་པ་དང་རྒྱལ་སྤྱིའི་ཨ་མེ་ཏི་ཚོགས་པ་ཞེས་པ་གཉིས་ཐུན་མོང་གི་ཐོག་ནས་རྒྱ་གར་གྱི་གྲོང་ཁྱེར་བྷོ་པལ་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་མངའ་ཁུལ་༡༢ཀྱི་གྲོང་ཁྱེར་དང་གྲོང་གསེབ་རིམ་པ་བརྒྱུད་ནས་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་ཐབས་སུ་དམིགས་ནས་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད་པ་རེད།

དེ་ཡང་གོམ་བགྲོད་ཀྱི་ལས་འགུལ་དེ་ལོངས་ཤོག་རྒྱ་གར་ལོངས་ཤོག་བོད་ཅེས་པའི་བརྗོད་གཞིའི་འོག་ཉིན་༥༠རིང་གྲོང་ཚོ་དང་གྲོང་བརྡལ་ཁག་གི་ནང་རྒྱ་གར་མང་ཚོགས་དང་དབུ་ཁྲིད། ཆབ་སྲིད་མི་སྣ། གསར་འགྱུར་བརྒྱུད་ལམ་སོགས་ལ་བོད་ནང་གི་གནས་སྟངས་ངོ་སྤྲོད་དང༌། བོད་ཀྱི་བདེན་དོན་སྲུང་སྐྱོབ་སླད་རྒྱ་གར་མང་ཚོགས་ནས་རྒྱབ་སྐྱོར་བྱེད་དགོས་པའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ་སོགས་ཀྱི་སྐོར་བགྲོ་གླེང་དང་ལྷན་ཚོགས་ཀྱི་བརྒྱུད་ནས་དྲིལ་བསྒྲགས་སྤེལ་ཐབས་གནང་རྒྱུ་ཡིན་པ་རེད།

ཟླ་༡༢ཚེས་༢༧རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིའི་ནང་མ་ཧ་ཏི་མ་གྷན་དྷི་བོད་རང་དབང་ལས་འགུལ་ཚོགས་པའི་འགོ་འཁྲིད་ཌོག་ཊར་མ་ཧེ་ཤི་ཡ་དྷབ་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་གར་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་དཔོན་རིགས་དང་རྒྱ་གར་མི་མང༌། ཡུལ་དེའི་གསར་འགྱུར་བརྒྱུད་ལམ་ཁག་ཕལ་ཆེ་བས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་ལ། ད་དུང་ཡང་མུ་མཐུད་ནས་ལས་འགུལ་འདིའི་ཐོག་རྒྱབ་སྐྱོར་ཡོང་བ་དང་ལྷག་པར་དུ་འཛམ་གླིང་ཞི་བདེའི་དེད་དཔོན་དང་དབུ་ཁྲིད་ཁག གཞན་ཡང་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེར་དགའ་བའི་མི་མང་ཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་མང་གི་བདེན་དོན་སེལ་ཐབས་དང་འཛམ་གླིང་ནང་ཞི་བདེ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།

ཡང་ཁོང་གིས་མུ་མཐུད་ནས་གལ་སྲིད་རྒྱལ་སྤྱིའི་སྤྱི་ཚོགས་ནས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་འཐབ་རྩོད་གནང་མཁན་ྋགོང་ས་མཆོག་གི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མ་ཐུབ་པ་ཡིན་ན་དེས་འཛམ་གླིང་ཞི་བདེར་རང་བཞིན་གྱིས་གྱོང་གུན་ཕོག་རྒྱུ་ཡིན་ལུགས་ཀྱང་གསུངས་ཡོད་པ་རེད། གོང་དུ་ཞུས་པའི་ལོངས་ཤོག་རྒྱ་གར་ལོངས་ཤོག་བོད་ཅེས་པའི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་ཉིན་གྲངས་༥༠ནང་མངའ་ཁུལ་ཁག་༡༢ཀྱི་ས་ཁུལ་འདྲ་མིན་བརྒྱུད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་མཇུག་བསྒྲིལ་གནང་རྒྱུའི་འཆར་གཞི་ཡོད་ལུགས་གསལ་བསྒྲགས་སུ་འཁོད་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ཞི་བདེ་དེད་དཔོན་ང་ཡི་བླ་མ་ཡིན། རྒྱ་གར་དམ་པ་ང་ཡིས་སྐྱབས་གནས་ཡུལ། ཆོས་སྲིད་ཟུང་འབྲེལ་ང་ཡི་གཤོག་པ་ཡིན། རྒྱ་ནག་ཇག་དམག་ང་ཡིས་བཟོད་པའི་ཡུལ། ། ལི་ལྗོངས་ཕོ་ཉ
1 ༡༢༢༠༠༩༡༨༥༢
ལི་ལྗོངས་ཀྱི་གངས་ཕྲུག
འདིའི་བརྗོད་བྱ་དང་སྐུ་དཔར་དེ་ཚོ་ཡག་པ་ལ།Cf²F¬u



བརྗོད་གཞི་གཞན་ཁག་ལ་གཟིགས།