གསར་འགྱུར་གསར་པ།:

དགོངས་ཚུལ།

སེམས་ཀྱི་ཞི་བདེ་ནི་སྒོམ་སྒྲུབ་ལས་སྨོན་ལམ་རྒྱག་ནས་ཡོང་གི་མ་རེད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༢༢ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཉི་ཧོང་གི་གྲོང་ཁྱེར་ནཱ་ག་ནོ་རུ་ཡོད་པའི་མཱ་རུ་ནོ་ཆིད་མགྲོན་ཁང་དུ། གྲྭ་བཙུན་༣༠༠ལས་བརྒལ་བར། ནང་སེམས་ཀྱི་ཞི་བདེ་ནི་སྒོམ་སྒྲུབ་ཉམས་ལེན་བྱེད་ནས་ཡོང་དགོས་པ་ཞིག་ལས། སྨོན་ལམ་རྒྱག་ནས་ཡོང་རྒྱུ་ཞིག་མིན་པའི་སྐོར་བཀའ་སློབ་གནང་འདུག

དེ་ཡང་ཉི་ཧོང་གི་དབུས་གྲོང་ཁྱེར་ནཱ་ག་ནོ་ནི་ལོ་རྒྱུས་ལྡན་པའི་ནང་པའི་དགོན་པ་ཛེ་ཀོ་ཇི་དང༌། ནང་པའི་རིག་གཞུང་ཕྱུག་པོ་ཡོད་པའི་ས་གནས་ཤིག་ཀྱང་ཡིན་པ་རེད། སྐབས་དེར་མགོན་པོ་གང་ཉིད་ཀྱིས་༼བཟང་པོའི་ཀུན་སྤྱོད་དང་ལྷིང་འཇགས་ཀྱི་སེམས་པ་བར་གྱི་འབྲེལ་ལམ་༽སྐོར་བཀའ་སློབ་གནང་དོན། སྤྱིར་ཡ་རབས་བཟང་སྤྱོད་དང་སེམས་པ་ཞི་འཇམ་དུ་གཏོང་བར་ཐབས་ལམ་འདྲ་མིན་ཞིག་ཡོད་པ་དང༌། ནུབ་ཕྱོགས་པའི་ཆོས་ལུགས་ལ་མཚོན་ན། ཁོང་ཚོས་ལྷ་ལ་ཡིད་ཆེས་བྱེད་པ་དེའི་ཐོག་ནས་ནང་སེམས་པར་བསྒྱུར་བཅོས་གཏོང་བའི་ཕན་ཐོག་ཡོད་པ་ཞིག་དང༌། ཤར་ཕྱོགས་པར་མཚོན་ན། ལས་དབང་དང་རྒྱུ་འབྲས་ལ་ཡིད་ཆེས་ཐོག་ནས་དམིགས་འདུན་དེ་སྒྲུབ་ཀྱི་ཡོད་པ་རེད་ཅེས་དང་།

ཡང་གང་ཉིད་ཀྱིས་ང་ཚོས་ཕྱོགས་ཡོངས་ནས་དུས་རབས་གོང་འཕེལ་འགྲོ་བར་མནོ་བསམས་གཏོང་དགོས་པ་དང༌། ཀུན་ཁྱབ་ཀྱི་སྙིང་པོ་ནི་བཟང་སྤྱོད་དང་ཞི་འཇམ་གྱི་སེམས་པ་གོང་མཐོར་གཏོང་དགོས་པ་དེ་རེད། དེ་ཡང་ང་ཚོས་ངེས་པར་དུ་ཆོས་ལུགས་དང་མ་འདྲེས་པའི་ཐོག་ནས་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་བའི་ཐབས་ལམ་ཞིག་འཚོལ་དགོས་ཞེས་གསུངས།

གཞན་ཡང་༧གོང་ས་མཆོག་གིས་ལྷན་ཅིག་ཞི་འཇམ་དང་མཛའ་བརྩེའི་སེམས་པ་དེའི་ཐོག་ནས། སྤྱི་ཚོགས་བདེ་འཇགས་དང་ཁྱིམ་ཚང་འཆམ་མཐུན་ཡོང་གི་ཡོད་པ་དང༌། ཞེད་སྣང་དང༌། ཁོང་ཁྲོས་ང་ཚོའི་ལུས་ཟུངས་ཀྱི་ཁྲག་ཕུང་གཏོར་བརླག་གཏོང་གི་ཡོད་པ་རེད། ཞི་འཇམ་གྱི་སེམས་པ་དེས་ཁྱེད་ཀྱི་སེམས་ནོན་དང་ཁྲག་ཤེད་ཀྱི་དཀའ་ངལ་ཉུང་དུ་གཏོང་གི་ཡོད་པ་དེའི་འབྲས་བུར་ཁྱེད་ཉིད་གཟུགས་པོ་བདེ་ཐང་དུ་ཆགས་ངེས་རེད། ཅེས་བཀའ་གནང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དེ་དེ་བཞིན་ནོ།
1 ༢༢༢༠༡༠༢༡༥༥
ཞི་བདེ་ནི་རྒུ་རྐྱེན་ལས་མ་སྟོས་པ་ཞིག་དགོས་པས་དེ་ནི་སྒོམ་མ་གཏོགས་གཞན་ཐབ་གང་ཡང་མེད།

བརྗོད་གཞི་གཞན་ཁག་ལ་གཟིགས།