བོད་རྒྱ་འབྲེལ་མོལ་ཐད་བཏོན་པའི་བཟང་ཕྱོཌ་ཀྱི་བསམ་བརྗོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༨ཉིན། ཁ་སང་རྒྱ་ནག་ཕྱི་སྲིད་ལས་དོན་ལྷན་ཁང་གི་བློན་ཆེན་གཞོན་པ་ཧྥུས་ཡུན་གྱིས། འབྱུང་འགྱུར་ནང་ྋགོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་ལ་བཟང་ཕྱོགས་ཀྱི་མདུན་ལམ་ཡོང་བའི་བསམ་བརྗོད་བཏོན་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༧ཉིན། ནོར་ཝེའི་རྒྱལ་ས་ཨོ་སི་ལོ་ནང་རྟེན་གཞི་བྱས་པའི་ནོར་ཝེ་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་སློབ་གླིང་དུ་རྒྱ་ནག་ཕྱི་སྲིད་བློན་ཆེན་གཞོན་པ་ཧྥུས་ཡུན་གྱིས་གཏམ་བཤད་ཅིག་སྤེལ་འདུག་ལ། སྐབས་དེར་བོད་དོན་དང་འབྲེལ་བའི་དྲི་བར་བསམ་བརྗོད་ཅིག་ཀྱང་བཏོན་ཡོད་འདུག

ཁོ་མོས་བརྗོད་དོན། བོད་རྒྱ་འབྲེལ་མོལ་གྱི་སྒོ་མོ་དུས་རྟག་ཏུ་ཕྱེ་ཡོད་ལ། སྒོ་མོ་དེ་འདས་པའི་ལོ་ངོ་བཅུ་ཕྲག་རིང་ལ་ཕྱེ་བསྡད་པ་ཞིག་ཀྱང་ཡིན། རྒྱ་ནག་ཕྱོགས་ནས་འབྲེལ་མོལ་མུ་མཐུད་པར་དཀའ་ངལ་འདུག་ཀྱང་། འབྲེལ་མོལ་མུ་སྐྱོང་བར་ལྷག་བསམ་གཙང་མ་བཅིངས་ཡོད། ཅེས་ཟེར་བ་དང་སྦྲགས།  ཁོ་མོས་བོད་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད་ལུགས་དང༌། དེ་བཞིན་ཁོ་མོའི་ད་ལོའི་དབྱར་ཀའི་གུང་གསེང་དེ་བོད་དུ་རོལ་རྩིས་བྱེད་འཆར་ཡོད་ཚུལ་སོགས་ཀྱང་བརྗོད་ཡོད་འདུག

ཁོ་མོས་མུ་མཐུད་དུ། བོད་ནི་ས་མཐའ་འཁོབ་ཀྱི་ཡུལ་ཞིག་རེད། བོད་ཀྱིས་ཐུན་མོང་མ་ཡིན་པའི་ཐབས་ལམ་འཚོལ་སྙེག་སྒོས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང༌། དེ་བཞིན་དུ་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་བདག་གཅེས་བྱེད་རྒྱུ་གལ་འགངས་ཆེན་པོ་རེད། དེ་ནི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཀྱང་རེད། ཅེས་དང༌། བོད་ཀྱི་རིག་གཞུང་ནི་ཐུན་མོང་མ་ཡིན་པ་དང་རྩ་ཆེན་པོ་རེད། ཉེ་ཆར་བོད་ནང་གི་ཡར་རྒྱས་འཛུགས་ཐད་ལ་རྒྱལ་ཡོངས་ཚོགས་ཆེན་བསྡུས་པ་རེད། བོད་ནང་དུ་མ་རྩ་དང་རོགས་སྐྱོར་ཕོན་ཆེན་པོ་གཏོང་རྒྱུ་ཡིན། བོད་ཀྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད། བོད་ཀྱི་ས་ཁུལ་གྱི་བརྒྱ་ཆ་༣༧ལྷག་རྒྱལ་ཡོངས༌རིམ་པའི་སྲུང་སྐྱོང་ས་ཁོངས་སུ་བདག་ལེན་བྱས་ཡོད། ཟེར།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཀྱང་གོང་གི་སློབ་གླེང་དེར་ངོ་བཅར་གནང་ཡོད་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པར་འཁྱུག་ཙམ་རིང་མཇལ་མོལ་ཞིག་ཀྱང་གནང་ཡོད་འདུག སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་མཇལ་མོལ་ཐད་གསུངས་དོན། ཁོ་མོ་ལྷག་བསམ་རྣམ་དག་ཡིན་མདོག་ཁ་པོ་འདུག གལ་སྲིད་ཁོ་མོས་ཀུན་སློང་ཡང་དག་ཅིག་ཁུར་ནས་བསམ་བརྗོད་དེ་བཏོན་པ་ཡིན་ཚེ། དེས་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་རྒྱ་འབྲེལ་མོལ་མུ་མཐུད་དེ་བོད་དོན་ཞི་མོལ་བརྒྱུད་ཐག་གཅོད་པའི་ཐབས་ཇུས་ལ་བཟང་ཕྱོགས་ཀྱི་འཕོ་འགྱུར་བཏང་བ་མཚོན་ཡང་སྲིད། ཅེས་གསུངས་ཡོད་འདུག

ཧྥུས་ཡུན་ནི་ད་ལོའི་ཕྱི་ཟླ་༡པའི་ནང་རྒྱ་ནག་ཕྱི་སྲིད་བློན་ཆེན་གཞོན་པར་བསྐོ་གཞག་བྱས་པ་ཞིག་རེད་ཅིང༌། ཁོ་མོའི་ལས་ཁུར་གཙོ་བོ་ནི་ཡོ་རོབ་དང༌། ཧོང་ཀོང༌། མ་ཁའོ། དེ་བཞིན་ཐའེ་ཝན་དང་འབྲེལ་བའི་ཕྱི་སྲིད་ལས་དོན་སྐོར་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྷུས་ཡུན་གྱི་གཏམ་བཤད་དེ་ནི་འདས་ཟིན་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྒྱ་ནག་གི་དཔོན་རིགས་ཚོས་རྒྱུན་ལྡན་ཕྱི་ཚུལ་གྱི་རྣམ་འགྱུར་ཙམ་དུ་སོང་། དགའ་འོས་པ་ཞིག་གང་ཡང་མ་མཐོང་ལ། དེ་ལས་སྤྱང་གྲུང་གི་ལས་ལ་འཇུག་པ་གལ་ཆེའོ།། །།
རྒྱ་ནག་ཕྱི་སྲིད་ལས་ཁང་གི་བསམ་ཚུལ་དེ་ཆབ་སྲིད་ཐོག་གི་ལྟ་ཕྱོགས་ཞིག་ཡིན། རྒྱལ་སྤྱིའི་ནང་དུ་རྒྱ་ནག་གིས་བོད་རྒྱ་འབྲེལ་མོལ་བྱེད་ཀྱི་མིན་ཤེས་ཐུབ་ཀྱི་མེད།



བརྗོད་གཞི་གཞན་ཁག་ལ་གཟིགས།