བལ་ཡུལ་དུ་བོད་མི་༡༠འཇུས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༦ཚེས་༣ཉིན། བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་བལ་ཡུལ་ཉེན་རྟོག་དམག་མིས་ཡུལ་དེའི་རྡོ་ལ་ཁ་ས་ཁུལ་དུ་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་༡༠འཇུ་བཟུང་བྱས་ཡོད་འདུག བལ་ཡུལ་གྱི་གསར་འགྱུར་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་དོན། བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཊུར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཆུག་ཀོ་ཧང་གིས་བོད་མི་འཛིན་བཟུང་གི་གནས་ཚུལ་དེ་ཐོས་མ་ཐག གཞུང་ཚབ་ཁང་གི་དམག་མིའི་འགེབས་སྲུང་འོག་རྡོ་ལ་ཁ་ས་ཁུལ་དུ་བྲེལ་འཚུབ་སྒོས་བསྐྱོད་ཡོད་འདུག ཟེར་བ་མ་ཟད། རྒྱའི་དཔོན་རིགས་དེ་ཚོས་རྡོ་ལ་ཁ་ས་ཁུལ་གྱི་ས་གནས་གཞུང་ལ་ཁྲིམས་འགལ་ངང་བལ་ཡུལ་དུ་འཛུལ་མཁན་བོད་མི་དེ་དག་རྒྱ་ནག་གཞུང་ཚབ་ཁང་ངམ་ཡང་ན་ཕྱིར་བོད་དུ་སློག་དགོས་ཚུལ་ཡང་འབོད་སྐུལ་བྱས་ཡོད་འདུག་ཟེར།

གོང་གསལ་གྱི་གསར་ཁང་དེས་མུ་མཐུད་དུ་བརྗོད་དོན། བལ་ཡུལ་གྱི་ནང་སྲིད་ལྷན་ཁང་གིས་རྡོ་ལ་ཁ་ས་གནས་གཞུང་ལ། ཁྲིམས་འགལ་གྱི་ཡུལ་སྤོ་བ་དེ་དག་ཕྱིར་བོད་དུ་བཙན་སློག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག་ཟེར། འོན་ཏེ་བལ་ཡུལ་གྱི་ཁའན་ཌིས་ཕུར་ཞེས་པའི་གསར་འགྱུར་བརྒྱུད་ལམ་དུ། འཇུ་བཟུང་བྱས་པའི་བོད་མི་དེ་དག་ཀ་ཐི་མན་ཊུར་རྟེན་གནས་བྱས་པའི་ཕྱི་རྒྱལ་ཡུལ་སྤོ་ལས་དོན་ལྷན་ཁང་དུ་སྐྱེལ་ཏེ་མུ་མཐུད་ཞིབ་དཔྱོད་བྱེད་རྒྱུ་རེད་ཟེར།

འཇུ་བཟུང་ཐེབས་པའི་བོད་མི་༡༠ཁྲོད་སྐྱེས་པ་༧དང་བུད་མེད་༣མཆིས་ལ། ཁོ་ཚོ་བལ་བོད་ཀྱི་ས་མཚམས་བླ་མ་བྷ་གྷར་བརྒྱུད་དེ་བལ་ཡུལ་མངའ་ཁོངས་ནང་འཛུལ་འདུག་པ་དང༌། བླ་མ་བྷ་གྷར་ནས་ཉིན་ལྔ་ལ་གོམ་པ་བརྒྱབས་ཏེ་སིན་གྷ་ཌི་ས་ཁུལ་དུ་འབྱོར་མཚམས་སུ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཡོད་འདུག

བལ་ཡུལ་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཡར་རྒྱས་གཏོང་དོན་དུ་བལ་ཡུལ་བོད་མི་སྐྱབས་བཅོལ་བ་དང༌། བོད་མི་བྲོས་བྱོལ་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་གིན་འདུག་ལ། དོན་དེར་བོད་མི་སྤྱི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་དང་སེམས་འཚུབ་ཆེན་པོ་སྐྱེས་ཀྱིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༠༩༢༠༡༠༡༡༠༩
ཡག་པོ་འདུག་
2 ༠༥༢༠༡༠༢༢༡༤
བོད་གཞུང་གིས་ཐབས་ཤེས་གང་ཡོད་ཀྱིས་གསར་འབྱོར་བ་དེ་ཚོ་སྐྱོབ་ཐུབ་ཐབས་བྱེད་དགོས། བོད་མི་དེ་ཚོ་ནི་ཉིན་ཁ་ཚ་བོ་རེད། དེ་སྔོན་ཡང་བལ་ཡུལ་སྣེ་ལེན་ཁང་ནས་བོད་པ་ཞིག་རྒྱ་ནག་ལ་མར་ཤོར་ཡོད་པ་ཚང་མས་ཤེས་གསལ་རེད། དེ་ནི་བོད་གཞུང་གི་ལས་སྣེ་བ་སྣེ་ལེན་སྐུ་ངོ་གཙོ་གྱུར་བ་རྣམས་ཀྱིས་མ་འཇོན་པ་རེད། སླད་ཕྱིན་བོད་གཞུང་གི་ལས་བྱེད་རྣམས་ཀྱིས་མང་ཚོགས་ཀྱི་དཀའ་སྡུག་ལ་ཐུགས་བསམ་བཞེས་ནས་དེ་འདྲའི་གནས་ཚུར་མ་བྱུང་བའི་སྔོན་ནས་ཐབས་ཤེས་གང་ཡོད་བྱེད་དགོས།
བཙན་པོ་ངོ་བསྟོད་ཆེད་དུ།། གཉོམ་ཆུང་སྡུག་ལ་སྦྱར་བ།། ཞེས་པའི་དཔེ་དེ་ཅི་མ་གདེན། ངོ་མ་དུས་ནམ་ཡིན་རུང་ཁོ་ཚོ་ལ་ངོ་ཚ་མི་འདུག དྲང་བདེན་མི་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།