དུས་རབས་ཉེར་གཅིག་པའི་དྲ་རྒྱའི་དམག་འཁྲུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༥ཚེས་༡༩ཉིན། འཛམ་གླིང་ཁྱོན་ཡོངས་དུས་རབས་གསར་པའི་ཕྱོགས་སུ་མུ་མཐུད་ཤར་བསྐྱོད་བྱེད་བཞིན་པ་དང་ཆབས་ཅིག་འཕྲུལ་རིག་དང་བརྒྱུད་ལམ་རིག་པ་འདི་གོང་མཐོ་སོང་བ་དང་དེའི་འཕེལ་རིམ་སྤྱིའི་ཆ་ནས་ཡང་རྩེར་སོན་པའི་གནད་དོན་ཞིག་འགྱུར་བཞིན་ཡོད་པ་རེད།

ད་དུང་གནད་དོན་དེའི་ཐད་འབྲེལ་ཡོད་ཆེད་མཁས་མི་སྣས་དུས་རབས་གསར་པ་འདི་དྲ་རྒྱའི་བརྒྱུད་ལམ་དམག་འཁྲུག་གི་དུས་རབས་ཞེས་ཟེར་ཞིང༌། དེས་ཀྱང་སྔ་མོ་ནས་ད་བར་གནས་སྡོད་འགྲོ་བ་མིའི་དབར་གྱི་ཁྲག་དྲི་དྲོ་བའི་དམག་འཁྲུག་དང་མི་འདྲ་ཞིང་དུས་རབས་འདིར་མིའི་དམག་དཔུང་དང་རྡུལ་ཕྲན་མཚོན་ཆས་གཙོས་དམག་གི་གོ་མཚོན་གྱི་གྲངས་འབོར་ཇེ་ཉུང་དུ་གཏོང་བཞིན་ཡོད་པ་དང་ཆབས་ཅིག གོ་ལའི་ཆ་ཚད་གཞིར་བཅོལ་བའི་དམག་འཁྲུག་ནས་བར་སྣང་སྟོང་བའི་ཁམས་སུ་དྲ་རྒྱའི་བརྒྱུད་ལམ་གྱི་དམག་འཁྲུག་བར་བསྒྱུར་བཀོད་བྱེད་བཞིན་ཡོད་པ་རེད།

འོན་ཀྱང་གོ་ལའི་ཐོག་ཁེར་རྐྱང་དུ་ལུས་པའི་གཞི་རྒྱ་ཆེ་བའི་དམར་པོའི་རིང་ལུགས་ཀྱི་ཡུལ་གྲུ་རྒྱ་ནག་གིས་དེ་ལས་ལྡོག་སྟེ་དམར་དམག་ས་ཡ་༨ལྷག་གི་སྣེ་འཁྲིད་པས་ན་གོ་ལའི་ཁྱོན་དུ་གཞི་རྒྱ་དང་གྲངས་འབོར་ཆེ་ཤོས་ཀྱི་དམག་དཔུང་གྱུར་ཡོད། ད་དུང་གྲངས་ལས་འདས་པའི་རྡུལ་ཕྲན་མཚོན་ཆས་གཙོས་གོ་མཚོན་ཚད་ལས་བརྒལ་བ་གསོག་ཉར་དང་འཕེལ་རྒྱས་གཏོང་བཞིན་ཡོད་པའི་རྗེས་ལུས་ཀྱི་རྣམ་པས་དེང་དུས་འཕྲུལ་ཆས་དང་དྲ་རྒྱའི་གནས་ཚུལ་བརྒྱུལ་ལམ་ལ་གདོང་ལེན་མ་བྱས་རང་བྱས་ཆགས་ཡོད་པ་རེད།

དེ་ཡང་བདུན་གཅིག་གི་གོང་སྟེ་ཟླ་འདིའི་ཚེས་༡༠ནས་༡༦བར་རྒྱ་ནག་དམར་གཞུང་གི་གཞུང་འབྲེལ་གསར་གནས་དྲ་རྒྱ་༨༡ཙམ་ཕྱི་ཕྱོགས་ནས་བཙན་གཏོར་དང་དྲ་རྒྱའི་མཉེས་ཆས་ནས་བེད་མེད་བཟོས་པ། དྲ་རྒྱའི་ཤོག་ངོས་འཐོར་བཤིག་གཏོང་བ་སོགས་དམར་གཞུང་གི་དྲ་རྒྱའི་ཐོག་གཏོར་རྒོལ་ཤུགས་ཆེན་ཐེབས་ཚུལ་རྒྱ་ནག་རྒྱལ་ཡོངས་གློག་ཀླད་འཕྲུལ་རིག་མྱུར་སྐྱོབ་ཁང་ཟེར་བའི་ལས་དོན་རུ་ཁ་གི་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་གནས་ཚུལ་དེའི་ནང་དུ་སྤེལ་བར་གཞིགས་ན། སི་ཨན་CNཟེར་བ་ཡོད་པའི་དྲ་བའི་ཁ་བྱང་༡༥༠དང་དེ་མིན་དྲ་རྒྱ་༥། མཉེས་ཆས་༥བཅས་ནས་གཏོར་རྒོལ་དང༌། དེ་ཡང་xorg.plཟེར་བ་ཡོ་རོབ་པོ་ལན་ཌིར་རྟེན་གཞིའམ་དེབ་སྐྱེལ་བྱས་ཡོད་པའི་དྲ་རྒྱའི་ཁ་བྱང་༡༠༠ལྷག་བེད་སྤྱོད་བཏང་སྟེ་རྒྱ་གཞུང་གི་དྲ་རྒྱ་རྣམས་དང་དེ་དག་གི་སྤྱོད་བྱེད་ཀྱི་མིང་དང་གསང་ཚིག་སོགས་ལ་གཏོར་རྒོལ་བྱས་ཚུལ་གསལ་ཡོད་འདུག

དེ་རྣམས་ནི་དུས་རབས་ཉེར་གཅིག་ནང་གི་བར་སྣང་དུ་གསར་དུ་བྱུང་བའི་གོ་ལའི་སྟེང་གི་དྲ་རྒྱའི་དམག་གི་སྒྲུང་ཐུང་ངུ་ཞིག་ཡིན་ཞིང༌། ༢༠༠༨ལོ་ནས་བཙན་བྱོལ་བོད་གཞུང་དང་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་གནས་དྲ་རྒྱ་ཕལ་མོ་ཆེར་གཏོར་རྒོལ་དང་གནོད་སྐྱོན་བཏང་ཡོད་ལ། མུ་མཐུད་གཏོང་ཐབས་བྱེད་བཞིན་ཡོད། དེ་བཞིན་དྲང་བདེན་གྱི་གནས་ཚུལ་སྤེལ་མཁན་ཕྱི་རྒྱལ་གྱི་དྲ་རྒྱའི་བརྒྱུད་ལམ་དང༌། ད་དུང་བཙན་བྱོལ་དུ་ཡོད་པའི་བརྒྱུད་ལམ་ཁག་དང་བོད་དོན་རྒྱབ་སྐྱོར་བའི་དྲ་གནས་ཡོངས་རྫོགས་བཙན་བཀག་བྱས་ནས་བཞག་ཡོད་པར་བརྟེན། ལག་དམར་བཙན་རྒྱལ་རིང་ལུགས་པ་ཧུའུ་ཅིང་ཐའོས་འགོ་འཁྲིད་པའི་རྒྱ་ནག་དམར་གཞུང་ནི་གསར་འགོད་དང་གཏམ་བརྗོད་རང་དབང་གི་དགྲ་བོ་གཙོ་བོའི་གྲས་སུ་སླེབས་པ་མ་ཟད། དམག་ཆེན་གཉིས་པའི་སྐབས་ཀྱི་དགྲ་བོ་བཞིན་དུས་རབས་འདིའི་བར་སྣང་གི་དྲ་རྒྱའི་དམག་འཁྲུག་གི་དགྲ་བོ་རྒྱ་ནག་ཕམ་ཉེས་འགྲོ་མཁན་གྲས་ཀྱི་གཙོ་བོ་ཞིག་ཆགས་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༡༢༠༡༠༠༦༥༩
ཡེ་ཤེས་ཆོས་བཟང་།
མཁྱེན་ཡངས་སྐལ་བཟང་འཕྲིན་ལགས། སྐུ་ཉིད་ནས་དགོངས་ཚུལ་གསུངས་གནང་བར་ཐུགས་རྗེ་ཆེ། སྤྱིར་ཤམ་བྷ་ལ་ཕོ་ཉའི་དྲ་རྒྱ་འདི་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ང་ཚོ་ལས་བྱེད་ཚོས་ཚོད་དཔག་ཞུས་པ་ལས་ལྷག་ཡར་རྒྱས་སོང་ཡོད་ལ། ལྷག་པར་དུ་སྐུ་ཉིད་ཐེ་བའི་རྒྱུན་དུས་ནས་གནས་ཚུལ་དང་ཟིན་བྲིས། རྩོམ་ཡིག་ཆད་མེད་སྤེལ་མཁན་ཚོ་ངོས་ནས་འབད་འབུངས་ཆེན་པོས་ཐུགས་ཁུར་གནང་བ་ལ་བརྟེན་ནས་ད་ལྟ་འདི་འདྲ་ཞིག་བསྐྲུན་ཐུབ་ཡོད་པར་ཡང་ངོས་འཛིན་ཞུ་ཡི་ཡོད། འདི་ག་གསར་ཁང་ངོས་ནས་ཀྱང་ད་དུང་ཕྱོགས་མང་པོ་ཞིག་ལ་ཡར་རྒྱས་དང་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར་དེ་རེས་སྐུ་ཉིད་ནས་ཟིན་བྲིས་སྡེ་ཚན་ཡར་རྒྱས་དང་ལེགས་བཅོས་ཐད་དགོངས་ཚུལ་འབྲི་གནང་རྒྱུ་ཡིན་ལུགས་གསུངས་པར་སྙིང་ཐག་པ་ནས་དགའ་གུས་ཡོད་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
1 ༢༠༢༠༡༠༠༠༡༦
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
བཀུར་འོས་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་གཙོས་པའི་ལས་མི་ཡོངས་ལ། ཁོ་བོས་ཟིན་བྲིས་ལ་ལེགས་བཅོས་དགོས་པའི་བསམ་འཆར་འགའ་ཞུ་རྒྱུ་ཡོད་ལ། སྐབས་ཤིག་ན་ཁོ་བོའི་ཟིན་བྲིས་ངོས་འཇོག་རྒྱུ་ཡིན་པས་རྣམ་པ་ཚོས་གཟིགས་ཞིབ་ཀྱི་ཁོ་བོའི་རྨོངས་འཆར་ལ་རྙིགས་དོར་བཅུད་ལེན་བྱ་རོགས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།