༧གོང་ས་མཆོག་གི་ཨ་ཡི་ཝ་སློབ་གཉེར་ཁང་དུ་མཛད་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༩ཉིན། ཁ་སང་ཕྱི་ཟླ་༥པའི་ཚེས་༡༨རེས་གཟའ་མིག་དམར་ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་ མགོན་ཆེན་པོ་མཆོག་ལ། ཨ་རིའི་དཀྱིལ་ཤར་སུ་ཡོད་པའི་མངའ་སྡེ་ཨ་ཡི་ཝའི་མཐོ་རིམ་གཙུག་ལག་སློབ་གཉེར་ ཁང་གིས་ཆེ་མཐོང་ཕྱག་འཁྱེར་ཞིག་ཕུལ་ཡོད་པ་རེད།

སྐབས་དེར་གང་ཉིད་ཀྱི་མཛད་རིམ་ཁག་གསུམ་དུ་བགོས་ཡོད་འདུག་ལ། སྔ་དྲོ་མཛད་རིམ་དབུ་འཛུགས་སྐབས་༼འཚེ་མེད་ཞི་བའི་འཛམ་གླིང་ཞིག་འབྱུང་ཐབས་ཀྱི་ཤེས་ཡོན་སློབ་གསོ་༽ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་དང༌། གཞན་ཡང་མི་སྒེར་དང་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་ཇི་ལྟར་བྱེད་ནས་འཚེ་བའི་ལས་འཇོམས་པར་བྱེད་ནས་ཞི་བདེ་གོང་མཐོར་གཏོང་ཚུལ་སོགས་ལ་བཀའ་སློབ་གནང་ཡོད་འདུག

ཞོགས་པའི་མཛད་རིམ་གྲུབ་རྗེས་གཙུག་ལག་སློབ་གཉེར་ཁང་དེའི་འགན་འཛིན་སྐུ་ཞབས་གྷོ་ལོ་རལ་ལགས་ཀྱིས་མཚོན་མདོག་མུ་མེད་གཟིགས་མགོ་རྟགས་ཅན་༼གཙུག་ལག་སློབ་གཉེར་ཁང་དེའི་ལས་རྟགས་༽གྱི་ཉི་ཁེབས་དབུ་ཞྭ་ཞིག་ཕུལ་ཡོད་འདུག་པ་དེས། དེ་འདུས་མི་མང་ཡོངས་ལ་དགའ་བ་ཆེན་པོ་སྐྱེ་རུ་བཅུག་ཡོད་འདུག

དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་དུ་འགྲོ་བ་མིའི་བཟང་སྤྱོད་ཀྱི་མཛད་པ་སྟེ། གཏོང་ཕོད་དང་མཛའ་བརྩེ་གོང་མཐོར་གཏོང་བར་བཅས་ལ་བརྟེན། དེ་ཉིན་ཕྱི་དྲོ་གཙུག་ལག་སློབ་གཉེར་ཁང་དེའི་འགན་འཛིན་སྐུ་ཞབས་བྷིན་ཇ་མིན་ཨ་ལན་མཆོག་ནས། འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་ཆེ་མཐོང་ཕྱག་འཁྱེར་ཞིག་ཕུལ་ཡོད་འདུག

མ་ཚད་གཙུག་ལག་སློབ་གཉེར་ཁང་དེས་འདས་པའི་ལོ་ངོ་༡༦རིང༌། ཆ་སྙོམ་བོད་པའི་སློབ་ཕྲུག་༣རེ་འཛུལ་ཞུགས་ཀྱི་ས་མིག་ཟུར་བཅད་བྱས་ཡོད་འདུག་ལ། ད་ལྟ་བར་ཁྱོན་སློབ་ཕྲུག་༣༠ཙམ་ཆགས་ཡོད་འདུག

ཕྱི་དྲོ་ཆུ་ཚོད་༢པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་༼ཤེས་ཡོན་གྱི་སྟོབས་ཤུགས་༽ཞེས་པའི་བརྗོད་གཞི་ཐོག གང་ཉིད་ཀྱི་ཤེས་ཡོན་དང་སྦྱར་ནས་བཀའ་སློབ་གནང་ཡོད་འདུག སྐབས་དེར་གང་ཉིད་ཀྱིས་ངོས་རང་དོན་ངོ་མར་ཆུང་དུས་༼ལེ་ལོ་ཅན་༽གྱི་སློབ་ཕྲུག་ཞིག་ཡིན་ཞེས་གསུངས་སྐབས། ཁྱོན་མི་གྲངས་༥༤༠༠ཙམ་འདུ་འཛོམས་བྱས་ཡོད་པའི་ཚོགས་ཁང་དེ་ཡོངས་སུ་དགོད་སྒྲས་ཁེངས་ཡོད་འདུག

༧གོང་ས་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཚོས་རྒྱུན་དུ་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་༼ནང་སེམས་ཀྱི་ཡོན་ཏན་སྐོར་༽སློབ་ཁྲིད་དང་བཀའ་སློབ་མང་ཙམ་གནང་དགོས་པ་དང༌། དེས་འཁྲུག་རྩོད་རང་བཞིན་གྱི་འདམ་གླིང་འདིའི་དཀའ་རྙོག་དེ་སེལ་ཐུབ་ཀྱི་རེད་ཅེས་དང༌། ནང་སེམས་ཀྱི་རིན་ཐང་དང་ཡོན་ཏན་དེ་སུ་ཞིག་གིས་ཀྱང་རྐུན་འཕྲོག་བྱེད་ཐུབ་ཀྱི་མ་རེད་ཅེས་ནན་གསུངས་བྱས་ཡོད་འདུག

གཞན་ཡང་གཙུག་ལག་སློག་གཉེར་ཁང་དེས་མ་འོངས་བོད་མིའི་སློབ་ཡོན་ཆེད་ཁྱོན་ཨ་སྒོར་སྟོང་ཕྲག་ ༣༢ གནང་རྒྱུའི་ཐག་གཅོད་ཡང་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།