ྋགོང་ས་མཆོག་གི་ཨ་རིའི་ཝའེ་སི་ཁོན་སིན་ནང་གི་མཛད་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།   ཕྱི་ལོ་༢༠༡༠ཟླ་༥ཚེས་༡༥ཉིན།  ཟླ་འདིའི་ཚེས་༡༦ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་ཝའེ་སི་ཁོན་སིན་མངའ་སྡེའི་རྒྱལ་ས་མའེ་ཌེས་སོན་གྲོང་ཁྱེར་གྱི་ཁའེ་ཕེས་ཊོ་འཁྲབ་སྟོན་ཁང་དུ། ༼བདེ་ཐང་ཅན་གྱི་སེམས་བློར་རྟོགས་ཞིབ༽་ཅེས་པའི་བརྗོད་གཞིའི་སྒང་ལ་བཀའ་སློབ་སྩོལ་རྒྱུ་རེད་འདུག

ྋགོང་ས་མཆོག་གིས་ཝེ་སི་མན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ཀླད་ཁམས་རིག་པའམ། སློབ་ཆེན་དེའི་ཝེ་སི་མན་ལྟེ་གནས་ཁང་གི་འགན་འཛིན་རའེ་ཆར་ཌི་ཌེ་ཝུས་སན་ལགས་དང་ལྷན་དུ་ ནུབ་ཕྱོགས་ཚན་རིག་གི་གཞུང་དང་ནང་བའི་སྒོམ་སྒྲུབ་གཉིས་ཀྱི་ནང་སེམས་ལ་འཇུག་པའི་གཅིག་ལ་གཅིག་བརྟེན་གྱི་བྱེད་ནུས་སྐོར་བགྲོ་གླེང་ལྷུག་པོ་གནང་རྒྱུ་རེད་ཅིང༌། ཉེ་བའི་འབྱུང་འགྱུར་ནང་ཝེ་སི་མན་ལྟེ་གནས་ཁང་དུ་བདེ་ཐང་ཅན་གྱི་སེམས་བློར་རྟོགས་ཞིབ་ཅེས་པའི་ལྟེ་གནས་ཁང་གཞན་ཞིག་གསར་བསྐྲུན་བྱེད་འཆར་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༣་ཉིན་ྋགོང་ས་མཆོག་གིས་ཨ་རིའི་ཨེན་ཌེ་ཡཱ་ནའི་ས་ཁུལ་་ལོ་མིན་ཊོན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་དུ་གསར་འགོད་པ་སྐོར་ཞིག་དང་མཇལ་འདུག་ལ། སྐབས་དེར་མགོན་པོ་གང་ཉིད་ཀྱིས། དེང་སང་ཚན་རིག་པ་དང་ནང་པའི་དབར་བགྲོ་གླེང་བྱེད་བཞིན་པའི་དཔེ་མཚོན་དང་འབྲེལ་ནས་ནང་པའི་ལྟ་གྲུབ་ལ་དོ་སྣང་སྤྲོད་མཁན་དེང་དུས་ཚན་རིག་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང༌།  ཐོག་མའི་ཆར་སྐྱེས་ཁམས་རིག་པ་བ་ཕེ་རེན་སེ་སི་ཀོ་རེ་ལས་གཙོས་པའི་ཚན་རིག་པ་ཉུང་ཤས་ཤིག་དང་ནང་པའི་དབར་བགྲོ་གླེང་འགོ་བརྩམས་ཡོད་པ།  དེ་ནས་རིམ་པས་རྒྱ་བསྐྱེད་ཕྱིན་ནས་ད་ལྟའི་ཆར་ཨ་རིའི་ཝའེ་སི་ཁོན་སིན་དང༌། སི་ཊན་ཕོར་ཌི། དེ་བཞིན་ཨེ་མའོ་རེས་བཅས་ཀྱི་གཙུག་ལག་སློབ་ཆེན་གསུམ་གྱི་ནང་དུ་ནང་པ་དང་ཚན་རིག་དབར་བགྲོ་གླེང་བྱ་རྒྱུའི་གནད་དོན་དེ་དག་ཐོག་ཉམས་ཞིབ་ཀྱི་ལས་གཞི་དམིགས་བསལ་བ་ཞིག་འགོ་བརྩམས་ཟིན་ཞེས་དང༌། སྤྱིར་ནང་ཆོས་ལ་ནང་པའི་ཚན་རིག་དང༌། ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག ནང་ཆོས་དང་འབྲེལ་བའི་ཉམས་ལེན་གྱི་རྣམ་གཞག་བཅས་ཆ་གསུམ་དུ་ཕྱེ་གནང་མཛད་བཞིན་ཡོད་སྐོར་དང༌། ཆོས་ལུགས་རྐྱང་པའི་ཐོག་ནས་བརྗོད་ན་ནུབ་ཕྱོགས་རྒྱལ་ཁབ་ནང་འཇིའུ་དང་ཡི་ཤུའི་ཆོས་ལུགས་་ཀྱི་དར་སྲོལ་བྱུང་ཡོད་པས་དེ་རང་འཚམས་པ་ཞིག་ཆགས་ཡོད་ཀྱང༌། ནང་པའི་ཚན་རིག་དང་ལྟ་གྲུབ་རྣམ་གཞག་དེ་དག་ཆོས་ལུགས་རྐྱང་པའི་རྣམ་གཞག་ལས་བརྒལ་ཏེ་ཀུན་ཁྱབ་ཀྱི་རྣམ་གཞག་གཅིག་ཆགས་ཡོད་པར་སོང༌ཙང༌། ནང་པ་སངས་རྒྱས་པ་ཡིན་མིན་གཉིས་ཀས་སློབ་སྦྱོང་བྱས་ན་ཕན་ཐོགས་ཡོད་སྐོར་བཀའ་སྩལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།