དགོངས་ཚུལ།

འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཆེན་པོའི་ཉེན་ཚབས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

15december20086 ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༡༥ཉིན་སྤེལ། ཨ་རི་དང་ཡོ་རོབ་ཀྱིས་གཙོས་འཛམ་གླིང་དུ་དཔལ་འབྱོར་ཉམས་རྒུད་ཤུགས་ཆེན་འགྲོ་བཞིན་པའི་སྐབས་འདིར་འབྱོར་ལྡན་རྒྱལ་ཁབ་ཁག་གིས་དཔལ་འབྱོར་སླར་གསོའི་ལས་གཞི་གསར་གཏོད་ཀྱིས་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་ལ་དོ་ཕོག་མི་འགྲོ་བ་བྱ་གལ་ཆེ་ལུགས་འཛམ་གླིང་དངུལ་ཁང་གི་འགན་འཛིན་ཟོ་ལིག་ཟེར་བས་ཉེན་བརྡ་བཏང་ཡོད་པ་རེད། དེ་ཡང་དཔལ་འབྱོར་སླར་གསོའི་ཆེད་ཨ་རི་དང་ཡོ་རོབ། ལྷོ་ཤར་ཨེ་ཤི་ཡས་ཡུལ་གྲུ་ཁག་གིས་གཙོས་གླིང་ཕྲན་གང་སར་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་གནད་དོན་ཚོགས་ཆེན་རིམ་པ་བསྐོངས་དང་སྐོང་བཞིན་ཡོད་ནའང་ད་བར་གྲུབ་འབྲས་ཐོན་པ་ཞིག་བྱུང་མེད་པ་རེད། འོན་ཀྱང་འབྱོར་ལྡན་རྒྱལ་ཁབ་ཁག་གིས་གཞུང་དངུལ་ཕོན་ཆེ་གཏོང་གི་ཡོད་པ་དེས་འབྱུང་འགྱུར་ཡུལ་གྲུ་དེ་དག་ཏུ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཡོང་སྲིད་པ་དང༌། དེས་ཀྱང་རང་བཞིན་གྱིས་ཤུགས་རྐྱེན་ཐེབས་ཏེ་ནམ་ཞིག་དཔལ་འབྱོར་ཉམས་རྒུད་དེ་མི་ལོ་བཅུ་ཕྲག་འགའ་ཤས་རིང་ཁ་གསབ་བྱེད་ཐུབ་རྒྱུའི་ཚབ་ཏུ་འབྱུང་འགྱུར་ལོ་ཤས་ནང་དཔལ་འབྱོར་དེ་ལས་ཀྱང་མར་ཉམས་ཆགས་འགྲོ་སྲིད་པར་བརྟེན་ད་ལྟ་ནས་སྔར་སོར་ཆུད་ཐབས་བྱ་རྒྱུ་གལ་འགངས་ཧ་ཅང་ཆེ་ལུགས་འཛམ་གླིང་དངུལ་ཁང་གི་འགན་འཛིན་མཆོག་གིས་འགྲེལ་བརྗོད་གནང་ཡོད་པ་རེད།

འདི་སྔོན་ཨ་རིའི་དངུལ་ལེ་མོན་བྷི་རོ་དྷ་སི་ཞེས་པའི་མ་རྩ་སྦོ་ལུག་པ་ནས་བཟུང་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཕྱིན་ཡོད་པ་དང་ད་ལྟ་སྙན་གྲགས་ཆེ་བའི་ཨ་རིའི་ཨོ་ཊོ་རླངས་འཁོར་བཟོ་གྲ་ཡན་ཆད་སྒོ་རྒྱག་དགོས་པའི་དུས་ཚོད་ཀྱང་སླེབས་བཞིན་ཡོད་པ་རེད། ཨ་རིའི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དེས་ཨ་རིའི་དངུལ་གྱི་འཛའ་ཐང་མར་ཆགས་ཡོད་ལ། ད་དུང་ཡང་མར་ཆགས་ནས་འགྲོ་བཞིན་ཡོད་ཅིང༌། གནད་དོན་འདི་ཨ་རི་ཙམ་མིན་པར་འཛམ་གླིང་ཁྱོན་ལ་ཁྱབ་བཞིན་ཡོད་པས། ཨ་རི་ལྟ་བུར་མཚོན་ན་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དེ་སླར་གསོ་བྱེད་རྒྱུར་༢༠༠༡༠ལོ་ནས་༢༠༢༠བར་འགོར་སྲིད་ལུགས་དཔལ་འབྱོར་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་འཞིན་ཡོད་པ་དང་དེ་མཚུངས་ཡོ་རོབ་དང་ལྷོ་ཤེ་ཨེ་ཤི་ཡའི་ཡུལ་གྲུ་ཁག་ཏུའང་དཀའ་ངལ་འཕྲད་གཅིག་མཚུངས་སྲིད་པ་ཞིག་ཡིན་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༡༢༢༠༠༩༡༦༤༠
ལི་ལྗོངས་ཀྱི་གངས་ཕྲུག
ད་སྙིང་རྗེ།
འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཆེན་པོའི་ཉེན་ཚབས་ཡོད་པ་དེས་བོད་དོན་ཐད་དགེ་ཕན་ཡོད་དམ། ཡང་ན་སྐྱོན་ཆ་ལྷག་སྲིད་པ་ཞིག་ཡིན། དེར་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།