ྋགོང་ས་མཆོག་རིག་གཞུང་ལྟེ་གནས་ཁང་ཁག་ཅིག་ཏུ་ངོ་ཕེབས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༥ཚེས་༡༤ཉིན། ཟླ་འདིའི་ཚེས་༡༢ཉིན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་ཨེན་ཌེ་ཡཱ་ན་མངའ་སྡེའི་བྷེ་ལོ་མིན་ཊོན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨེན་ཌེ་ཡཱ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཤེས་རབ་སྙིང་པོའི་གསུང་ཆོས་བསྩལ་གནང་གྲུབ་རྗེས། ཡུལ་དེ་གའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་དུ་ཞབས་སོར་འཁོད་ཡོད་འདུག

དེ་ཡང་ཕྱི་ཚེས་༡༣ཉིན་ྋགོང་ས་མཆོག་མགོན་པོ་གང་ཉིད་ཀྱི་སྐུའི་གཅེན་པོ་བགྲེས་ཤོས་ཐུབ་བསྟན་ནོར་བུ་ལགས་ཀྱིས་བྷེ་ལོ་མིན་ཊོན་གྲོང་ཁྱེར་ནང་ཕྱི་ལོ་༡༩༧༩ལོར་གསར་བཞེངས་གནང་བའི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ལྟེ་གནས་ཁང་དུ་ཆིབས་ཕེབས་གནང་འདུག་ལ། སྐབས་དེར་ྋགོང་ས་མཆོག་གིས་འགྲོ་བ་མིའི་མཐར་ཐུག་བདེ་སྐྱིད་ཀྱི་འབྱུང་རྩ་ནང་སེམས་ཡིན་ལུགས་དང༌། སྐུའི་གཅེན་པོས་བཞེངས་པའི་རིག་གཞུང་ལྟེ་གནས་ཁང་དེ་བསླབ་པ་སློབ་གཉེར་གནང་ཡུལ་དུ་མུ་མཐུད་ནས་རྒྱ་བསྐྱེད་དགོས་པ་ལས། ཕྱག་མཆོད་འབུལ་གཅིག་པུ་ཕུལ་ས་ཞིག་ཏུ་བསྒྱུར་མི་རུང་བའི་དགོངས་བཞེས་བསྩལ་ཡོད་འདུག

རིག་གཞུང་ལྟེ་གནས་ཁང་དེར་ྋགོང་ས་མཆོག་གིས་གསར་འགོད་པའི་དྲི་བར་ཞལ་ལན་བསྐྱོན་སྐབས། ལོ་ན་༩ལ་སོན་པའི་བྱིས་པ་ཁའེ་གྷི་རུའི་སིས་ཟེར་བ་ཞིག་གིས་ྋགོང་ས་མཆོག་ལ། རྒྱ་ནག་བོད་ནས་ཕྱིར་ལོག་པར་དུས་ཡུན་ག་ཚོད་ཅིག་འགོར་རམ་ཞེས་བཀའ་འདྲི་ཞུས་འདུག་ཅིང༌། མགོན་པོ་གང་ཉིད་ཀྱིས་དེ་ནི་དྲི་བ་ཁག་པོ་ཞིག་རེད་བཀའ་ལན་ཕེབས་ཡོད་འདུག དེ་རྗེས་ྋགོང་ས་མཆོག་གིས་ཁའེ་གྷི་རུའི་སི་ལ་བྱིས་པ་ཁོའི་ཚེ་ཐོག་ཏུ་བོད་ལ་འཕོ་འགྱུར་ཤུགས་ཆེན་འགྲོ་ངེས་ཡིན་པར་ཁོང་རིག་ལ་ཡིད་ཆེས་ཡོད་ལུགས་ཀྱི་བཀའ་བསྩལ་ཡོད་འདུག

ཐེངས་འདིའི་ཨེན་ཌེ་ཡཱ་ནའི་མངའ་སྡེ་མཛད་འཕྲིན་ཡོངས་སུ་གྲུབ་རྗེས་ྋ གོང་ས་མཆོག་གིས་ཝེན་སི་ཀོན་སེན་དང་ལོ་ཝ། ནེའུ་ཡོག་བཅས་སུ་མཛད་འཕྲིན་བསྐྱང་འཆར་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།