ཨ་རིའི་སྲིད་འཛིན་བྷུ་ཤི་ལ་གསར་འགོད་པས་ལྷམ་བཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

15december20085ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༡༥ཉིན་སྤེལ། ཨ་རིའི་སྲིད་འཛིན་བྷུ་ཤི་མཆོག་ཟླ་འདིའི་ཚེས་༡༤ནས་ཨི་རག་དང་ཨ་ཕྷི་གྷ་ནི་སི་ཐན་དུ་གཟིགས་སྐོར་ལ་ཕེབས་བཞིན་ཡོད་པ་དང་ཁོང་ཨི་རག་ཏུ་གཟིགས་སྐོར་ལ་ཕེབས་སྐབས་ཡུལ་དེའི་སྲིད་བློན་ནོའུ་རི་མ་ལི་ཀི་མཆོག་དབར་མཇལ་འཕྲད་གནང་གྲུབ་རྗེས་གསར་འགོད་ལྷན་ཚོགས་ཤིག་འཚོགས་སྐབས་ཨི་རག་གི་གསར་འགོད་པ་ཞིག་གིས་ཁོང་ལ་ལྷམ་བཞུས་ཡོད་པར་བརྟེན་རྒྱལ་སྤྱིའི་ཁྲོད་གསར་འགྱུར་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། གསར་འགོད་པས་ཁོང་ལ་ལྷམ་བཞུས་དགོས་དོན་ནི་ཨ་རིས་ཨི་རག་ཏུ་དམུག་དཔུང་མུ་མཐུད་དཔུང་འཇུག་བྱས་པས་རེད་ཟེར། འོན་ཀྱང་སྲིད་འཛིན་བྷུ་ཤིས་ཡུལ་དེའི་གསར་འགོད་པ་ཞིག་གིས་ལྷམ་བཞུས་པའི་གནད་དོན་དེ་ལ་བརྟེན་ནས་ཨི་རག་དེ་ཉིད་ད་ལྟ་རང་དབང་གི་སྤྱི་ཚོགས་ཤིག་ཆགས་ཟིན་ཡོད་པའི་རྣམ་པ་ཞིག་རེད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད། གཞན་ཡང་སྲིད་བྷུ་ཤི་ནི་ཨ་རིའི་ལོ་རྒྱུས་ཁྲོད་ཨ་རིའི་སྲིད་འཛིན་རིམ་པ་བྱུང་བའི་ནང་ཐབས་སྐྱོ་ཤོས་དང་སྙན་གྲགས་ཆུང་ཤོས་དེ་ཡིན་ལུགས་ཤོད་ཀྱིན་ཡོད་པ་རེད། གང་ལྟར་ཁོང་གིས་ཨ་རིའི་སྲིད་འཛིན་གྱི་ལས་ཁུར་ཐེངས་གཉིས་བྱས་ཡོད་པ་དང་ལས་ཁུར་དེའི་རིང་ཨི་རག་དམག་འཁྲུག་ལས་ཕམ་ཉེས་བཏང་བ་དང་ས་དམ་ཧུན་སན་སྲོག་ཐོག་བཏང་བ། ཨ་ཕྷི་གྷ་ནི་སི་ཐན་ཡང་དམག་འཁྲུག་ལས་ཕམ་ཉེས་བཏང་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
གནས་ཚུལ་དེ་རང་དབང་གི་མཚོན་རྟགས་ཞིག་ཡིན་པའི་སྲིད་འཛིན་བྷི་ཤི་ནས་རྙེད་པ། 3923?cf²f¡u
ཁྱེད་རང་ལ་དགོངས་ཚུལ་ཡོད་པ་དེ་ཡག་བྱུང་དེ། གང་ལྟར་པུ་ཤིས་བོད་དོན་ཤུགས་གང་འཚམས་བརྒྱབ་ཡོད་པ་དེ་བརྗེད་མི་རུང༌།
གདུག་བཙུབ་ཅན་གྱི་སྡིག་ཆེན་ཁྱོད་དེ་འདྲ་ཞིག་ལོས་དགོས། མི་སྟོང་ཚོ་མང་པོའི་སྲོག་བཅད་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།