ྋགོང་ས་མཆོག་གིས་ཨེན་ཌེ་ཡཱ་ནར་གསུང་ཆོས་བསྩལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༥ཚེས་༡༣ཉིན། ཟླ་འདིའི་ཚེས་༡༡་ཉིན་རྒྱབ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་བརྒྱུད་ཨ་རིའི་ཨེས་ལི་ནའོ་མངའ་སྡེའི་ཆུས་ཁའ་གྷོ་གནམ་ཐང་དུ་ྋཞབས་སོར་འཁོད་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་དང༌། ཨིན་ཌི་ཡཱ་ན་དང་ཆུས་ཁའ་གྷོའི་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

དེ་རྗེས་མགོན་པོ་གང་ཉིད་མཆོག་ཨ་རིའི་མངའ་སྡེ་ཨིན་ཌི་ཡཱ་ནའི་བྷི་ལོ་མའིན་ཊོན་གྱི་གནམ་ཐང་དུ་ྋཞབས་སོར་འཁོད་མཚམས་ཨིན་ཌི་ཡཱ་ནར་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་གི་འགན་འཛིན་ཨཀྱཱ་རིན་པོ་ཆེ་མཆོག་དང༌། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁལ་མུཀ་ནང་བསྟན་གྱི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག དེ་བཞིན་ཨིན་ཌི་ཡཱ་ནའི་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

ྋགོང་ས་མཆོག་བཞུགས་གནས་མགྲོན་ཁང་ནང་ཆིབས་སྒྱུར་མ་གནང་གོང་མ་ཎི་ལྷ་ཁང་གསར་པ་ཞིག་དབུ་འབྱེད་མཛད་ཆེད་ཆིབས་སྒྱུར་བཀྲིན་སྐྱོང་སྐབས་ལམ་ཟུར་དུ་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་པ་དང༌། བོད་རིགས། སོག་རིགས། རྒྱ་རིགས། ཉི་ཧོང་མི་རིགས། ཨ་རི་བ་བཅས་དད་ལྡན་མང་ཚོགས་བརྒྱ་ཕྲག་བརྒལ་བ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

 

དེ་རྗེས་མགོན་པོ་གང་ཉིད་མཆོག་བཞུགས་གནས་མགྲོན་ཁང་གི་མདུན་དུ་སྒོ་མང་གྲྭ་ཚང་གི་མཁན་པོ་དང་བཀྲ་ཤིས་ལྷུན་པོའི་མཁན་པོ། སོག་ཡུལ་ནང་ཡོད་པའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ། ཁམས་པ་བླ་མ་ཆོས་ཀྱི་རྒྱ་མཚོ། སོག་ཡུལ་དུ་རྟེན་གཞི་བྱས་པའི་ཨར་ཌེན་ཛུ་དགོན་པ་དང༌། དུས་འཁོར་ལྷ་ཁང་གི་མཁན་པོ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

 

ཨ་རིའི་ཨེན་ཌི་ཡཱ་ནའི་ནང་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་གིས་ཇི་ལྟར་གསོལ་འདེབས་དང་གདན་འབོད་ཞུས་པ་བཞིན། ཟླ་འདིའི་ཚེས་༡༢ཉིན་ྋགོང་ས་མཆོག་གིས་ཨེན་ཌེ་ཡཱ་ན་མཐོ་སློབ་ཁང་དུ་ཤེས་རབ་སྙིང་པོའི་གསུང་ཆོས་བསྩལ་ཡོད་ཅིང༌། སྐབས་དེར་ཁོང་རིག་གིས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་ཏུ་ཤར་བསྐྱོད་བྱེད་པའི་ཆོད་སེམས་སྔར་བཞིན་བརྟན་པོ་ཡོད་ལུགས་དང༌། བོད་པའི་རྒྱལ་རབས་ལོ་རྒྱུས་ལ་གཞིགས་ན་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ལྡོག་ཏུ་མེད་ལུགས། གཞན་ཡང་སྐུའི་གཅེན་པོ་སྟག
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།