ཁྲིམས་རྩོད་པ་གཉིས་ཀྱི་ལག་འཁྱེར་ཕྱིར་བསྡུ་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༡ཉིན། རྒྱ་ནག་གཞུང་གིས་ཉེས་འཛུགས་སྣ་ཚོགས་འོག རྒྱ་ནག་ཏུ་ཁྲིམས་ལུགས་སློབ་སྦྱོང་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གཉིས་ཀྱི་གཏན་འཇགས་ཀྱི་ལག་འཁྱེར་ཕྱིར་བསྡུ་བྱས་ཡོད་འདུག

དེ་ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་ཐང་ཅི་ཐན་དང་ལུའུ་ཝིད་ཟེར་བ་གཉིས་ཀྱིས་དགག་བྱ་ཅན་གྱི་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་གྱི་ལས་འགུལ་པའི་རྒྱབ་རྟེན་བྱེད་བཞིན་ཡོད་པའི་ཉེས་འཛུགས་འོག ཁོང་གཉིས་ཀྱི་ཁྲིམས་རྩོད་པའི་ལག་འཁྱེར་ཕྱིར་བསྡུ་བྱས་ཡོད་པ་རེད།

གོང་གསལ་དང་འདྲ་བའི་གནས་ཚུལ་ཏེ། བོད་དང་རྒྱ་ནག་སོགས་ས་གནས་གང་སར་འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་ཁྲིམས་རྩོད་པ་དེ་དག་བཀག་འགོག་བྱ་རྒྱུ་ནི་ཉེ་ཆར་རྒྱ་ནག་གཞུང་གིས་འབད་བརྩོན་བྱ་ཡུལ་གལ་ཆེ་ཤོས་ཞིག་ཏུ་ཆགས་ཡོད་འདུག

གསར་འགོད་པ་ཚོས་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་པར་ལྟར་ན། རྒྱ་གཞུང་གིས་ཁྲིམས་རྩོད་པ་དེ་གཉིས་ཀྱིས་ཟླ་སྔོན་མར་པེ་ཅིང་དུ་ཁྲིམས་ཁང་གི་བཀའ་རྒྱ་དང་ལེན་མ་བྱས་པ་དང་། རྒྱུན་དུ་དོན་མེད་ཐེ་ཇུས་ཀྱིས་ཁ་མཆུ་སོགས་གྱོད་འཛུགས་ཁྲིམས་གཏུགས་བྱེད་བཞིན་ཡོད་པ་བཅས་ཀྱི་ཉེས་འཛུགས་བྱས་ཡོད་འདུག་པས་མ་ཚད་ན་ནིང་ཕྱི་ཟླ་བཞི་པའི་ནང་སི་ཁྲོན་ཞིང་ཆེན་དུ་རྒྱ་ནག་རྩ་རླུང་སྒོམ་སྒྲུབ་པའི་རྗེས་འགྲང་པ་ཡང་མིན་དང་འབྲེལ་སྦྱོར་གྱིས་ཉེས་འཛུགས་ཡང་བྱས་ཡོད་འདུག

འོན་ཀྱང་ཁྲིམས་རྩོད་པ་གཉིས་ཀས་གོང་གསལ་བཅད་ཁྲལ་དེར་དགག་པ་རྒྱབ་པ་དང་། དེ་སྔོན་ཡང་མིན་ལ་ཁྲིམས་ཆད་དེ་ནི་ཕྱིན་ཅི་ལོག་པ་ཞིག་ལས་དྲང་བདེན་ཞིག་མ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག་པས་མ་ཚད། ཁོང་གཉིས་པོས་ཐག་གཅོད་དེར་མ་འོངས་པར་ཞུ་གཏུག་ཡང་བྱ་རྩིས་ཡོད་ཟེར།

རྒྱ་ནག་གཞུང་གིས་བྱེད་སྟངས་འདི་ནི་ང་ཚོས་སྒྲུབ་པའི་བྱ་བ་དེར་འཁོན་ལན་དང་། ང་ཚོའི་གྲོགས་པོ་སུ་ཞིག་གིས་ང་ཚོ་དང་འདྲ་བར་ལས་དོན་སྒྲུབ་མཁན་དག་ལ་འཇིགས་སྣང་སྐུལ་བ་ཞིག་རེད། དེས་ཁོང་ཚོར་གཉའ་གཅོག་པའི་ཤུགས་རྐྱེན་ཀྱང་ཐེབས་ཀྱི་ཡོད་པ་རེད་ཅེས་ཁ་སང་གཟའ་ཟླ་བ་ཉིན་ཁྲིམས་རྩོད་པ་ཐང་ཅིན་ཐན་གྱིས་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།