དྲག་ཆར་གྱིས་རྐྱེན་པས་མི་༧༡འཆི་སྐྱོན་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༡ཉིན། ཉེ་ཆར་རྒྱ་ནག་བྱང་ཕྱོགས་ས་ཁུལ་དུ་ཆར་རྒྱུན་དྲག་པོ་འབབ་པའི་རྐྱེན་གྱིས། ཁང་པ་འགྱེལ་བ་དང༌། ལོ་ཐོག་གཏོར་བཅོམ་ཙམ་མ་ཟད་ཉུར་མཐར་ཡང་མི་༧༠ལྷག་ཙམ་འཆི་སྐྱོན་བྱུང་ཡོད་འདུག་པས་མ་ཚད། ཁྱོན་མི་གྲངས་ས་ཡ་༡༠ལྷག་ཙམ་གྱི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་ཡོད་འདུག

དེ་ཡང་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ལྟར་ན། ཆར་རྒྱུན་ཆེན་པོ་འབབ་པའི་རྐྱེན་གྱིས་ཆུ་ལོག་མུ་མཐུད་ནས་རྒྱུག་བཞིན་པ་དང༌། ཆར་རྒྱུན་དེ་ཡང་ཟླ་བ་གཅིག་ལྷག་ཙམ་གྱི་སྔོན་ནས་གཏུད་མར་འབབ་པའི་རྐྱེན་གྱིས་མི་གྲངས་ཁྲི་༨༠༠༠༠ལྷག་ཙམ་གྱི་ཁང་པ་གཏོར་སྐྱོན་དང༌། གཞི་རྒྱ་ཆེ་བའི་ཞིང་ཁར་གནོད་སྐྱོན་ཐེབས་པ། མདོར་ན་རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཆེན་ཁག་༡༣ནང་ཁྱོན་མི་གྲངས་ས་ཡ་༡༠ ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་པའི་སྐོར་རྒྱ་ནག་གི་ཆུ་ལོག་དོ་དམ་ཚན་པ་དང༌། སྤྱི་ཁྱབ་གནོད་ཐེབས་ལྟ་རྟོག་ཚན་པ་བཅས་ནས་དྲ་ཚིགས་ཐོག་འགྲེལ་བརྗོད་བྱས་འདུག

ཟླ་བ་གཅིག་ལྷག་ཙམ་གྱི་སྔོན་ནས་རྒྱ་ནག་ལྷོ་ཕྱོགས་སུ་ཆུ་ལོག་གི་ཆར་དུས་འགོ་འཛུགས་ཟིན་པ་དང༌། ད་དུང་ཆུ་ལོག་དེ་ལས་ཆེ་བ་ཡོང་རྒྱུ་ཡིན་པའི་སྐོར། སུན་ཅུན་གྱི་རྒྱལ་ཡོངས་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་བརྡ་བཏང་ཡོད་པའི་སྐོར། རྒྱ་ནག་ཤིན་ཧྭ་གསར་ཁང་གི་ལུང་འདྲེན་བྱས་ཡོད་པ་རེད།

ཆུ་ལོག་གི་གནོད་སྐྱོན་ཐེབས་ཡུལ་ནི་རྒྱ་ནག་གི་གུན་ཏུང་ཞིང་ཆེན་དང༌། ཁྲུང་ཆིང༌། སི་ཁྲོན། པུའུ་ཅང༌། ཅང་ཤིས། ཧུ་ནན། ཀྲེ་ཅང་སོགས་ཡིན་འདུག

ས་ཆ་ཁག་ཅིག་ཏེ་རྒྱ་ནག་གུན་ཏུང་ཞིང་ཆེན་ལ་མཚོན་ན། འབྲུག་གློག་དྲགས་ཆར་གྱིས་གློག་སྐུད་དང་འགྲོ་ལམ་བཅད་པ། ཁང་པ་དང་ཟམ་པ་བཤིག་པ། ཆུ་ལོག་གིས་རྐྱེན་པས་ཁྱོན་མི་གྲངས་༡༤༥༠༠༠ཙམ་བདུན་ཕྲག་ཅིག་གི་ནང་གནས་སྤོ་བྱེད་དགོས་བྱུང་ཡོད་འདུག

དེ་མཚུངས་སུ་ཟླ་འདིའི་ཚེས་༦ཉིན་རྒྱ་ནག་ཁྲུང་ཆིང་གི་ས་ཁུལ་ཁག་གཉིས་སུ་དྲགས་ཆར་རླུང་འཚུབ་རྒྱབ་པའི་རྐྱེན་གྱིས་མི་མང་གི་སྡོད་ཁང་ཙམ་མ་ཟད། གྲོང་ཁྱེར་གྱི་གློག་ཤིང་དང་ཚོང་ཁྲོམ་སོགས་ལའང་གཏོར་བཅོམ་ཚད་མེད་བཏང་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།