༧གོང་ས་མཆོག་གིས་ཉིན་༡༢རིང་ཨ་རིར་མཛད་འཕྲིན་བསྐྱང་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༧ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་འདི་ཚེས་༡༢ནས་༢༣བར་ཉིན་གྲངས་༡༢རིང་ཨ་རིའི་ས་ཆ་ཁག་ཅིག་ཏུ་མཛད་འཕྲིན་བསྐྱང་པར་ཕེབས་རྒྱུ་ཡིན་སྐོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་འགྲེལ་བརྗོད་བྱས་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་ཨ་རིའི་ཨེན་ཌེ་ཡ་ནཱ་མངའ་སྡེའི་སྦོལ་མེན་ཀྲོན་དུ་བོད་སོག་ནང་པའི་རིག་གཞུང་ལྟེ་གནས་ཁང་དུ། སྐུ་འབུམ་བྱམས་བརྩེ་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་རབ་སྙིང་པོའི་གསུང་ཆོས་སྩལ་རྒྱུ་དང༌།

ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཨ་རིའི་ཨེན་ཌེ་ཡ་ནཱ་མངའ་སྡེའི་ཨེན་ཌེ་ཡ་ན་པོ་ལེ་སེ་རུ་བོད་སོག་ནང་པའི་རིག་གཞུང་ལྟེ་གནས་ཁང་དུ། སྐུ་འབུམ་བྱམས་བརྩེ་གླིང་དང༌། ཨེན་ཌེ་ཡ་ན་ནང་པའི་ཆོས་ཚོགས། ཆོས་ལུགས་མཐུན་འབྲེལ་གོང་འཕེལ་ཚོགས་པ་སོགས་ཚོགས་པ་གསུམ་གྱིས་གོ་སྒྲིག་ཞུས་པ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མི་མང་ལ་བྱམས་སྙིང་རྗེ་དང་ཤེས་རབ་ཟུང་འབྲེལ་གྱིས་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་ཚུལ་གྱི་བཀའ་སློབ་སྩལ་རྒྱུ། ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཨ་རིའི་མངའ་སྡེ་ཨོ་ཝ་རུ་བྱང་ཨོ་ཝ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་ཡོན་གྱི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ།

ཕྱི་ཟླ་ ༥ ཚེས་ ༢༠ ནས་ ༢༢ བར་ཉིན་གསུམ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བོད་དོན་ལྟེ་གནས་ཁང་དང༌། ཧེ་ལིང་ཌེ་ཝེ་ཌ་ཞེས་པའི་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས་པ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་གསུང་ཆོས་སྩལ་རྒྱུ།

ཕྱི་ཟླ་ ༥ ཚེས་ ༢༣ ཉིན་སླར་ཡང་བོད་དོན་ལྟེ་གནས་ཁང་དང༌། ཧེ་ལིང་ཌེ་ཝེ་ཌ་ཞེས་པའི་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས་པ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ལས་བརྗོད་བྱ་ད་དུང་གཏན་ཁེལ་བྱས་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།