རྒྱ་ནག་ཏུ་ནང་པའི་ལྷ་ཁང་ཞིག་བཞེངས་འཆར་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༧ཉིན། རྒྱ་ནག་ཏུ་ནང་པའི་ལྷ་ཁང་ཞིག་བཞེངས་རྒྱུའི་དམིགས་འབེན་དུ་ཟླ་བ་རྗེས་མར་རྒྱ་གར་གྱི་སྲིད་འཛིན་ལྕམ་པཱ་ཋིད་བྷ་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་རྒྱུ་ཡིན་པའི་སྐོར། རྒྱ་གར་གྱི་གསར་ཁང་ཆེ་ཤོས་༼རྒྱ་གར་ཡར་གླིང་གསར་འགྱུར་ཞབས་ཞུ་༽ཞེས་པས་འགྲེལ་བརྗོད་བྱས་ཡོད་པ་རེད།

ལྷ་ཁང་དེ་ནི་རྒྱ་དཀར་ནག་གཉིས་འབྲེལ་ལམ་དམ་ཟབ་བྱུང་ནས་མི་ལོ་༦༠འཁོར་བའི་རྗེས་དྲན་གྱི་ཚུལ་དུ་རྒྱ་ནག་ཧི་ནན་ཞིང་ཆེན་དུ་ཡོད་པའི་རྒྱ་ནག་གི་གནའ་བོའི་རྒྱལ་ས་བཞིའི་ནང་གསེས་ཏེ་གྲོང་ཁྱེར་ལུའོ་ཡང་དུ་བཞེངས་སྐྲུན་གནང་རྒྱུ་ཡིན་འདུག

ལྷ་ཁང་དེའི་བཟོ་སྐྲུན་གྱི་མཐུན་རྐྱེན་ནི་རྒྱ་གར་ནས་རྡོ་ཀ་མ་རུ་དང་རྡོ་ཁྲ་འོད་ཅན་སོགས་མཁོ་འདོན་བྱ་རྒྱུ་དང༌། ལོ་༥རིང་གི་ལས་འཆར་དེར་ཁྱོན་མ་དངུལ་ཨ་སྒོར་ས་ཡ་༤གཏོང་འཆར་ཡོད་ཟེར།

ལྷ་ཁང་དེ་ནི་རྒྱ་གར་མཱ་དྷ་ཡ་མངའ་སྡེའི་ནང་ཡོད་པའི་༼་་་མཛའ་བརྩེ་དང༌། ཞི་བདེ། དྲང་བདེན། སྙིང་སྟོབས་བཅས་ཀྱི་མཚོན་དོན། སང་ཆེ་མཆོད་རྟེན་༽གྱི་ཁྱད་ཆོས་གཞིར་བཟུང་ལས། རྒྱ་ནག་མི་མང་རྣམས་ཀྱི་ཆེད་དུ་བཞེངས་སྐྲུན་གནང་རྒྱུ་དེ། ཐོག་མའི་ཆར་ཕྱི་ལོ་༢༠༠༣ལོར་རྒྱ་གར་གྱི་སྲིད་བློན་ཨང་༡༡པ་སྐུ་ཞབས་ཨ་ཋར་བྷི་ཧ་རིད་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་སྐབས་བསམ་ཚུལ་དང་གྲོས་འཆར་འདོན་པ་ཞིག་ཡིན་འདུག

དེའི་བཟོ་བཀོད་ནི་རྒྱ་གར་ཕྱི་འབྲེལ་ལས་དོན་བློན་ཆེན་གྱིས་བཀའ་མངག་འོག རྒྱ་གར་ལྡི་ལི་གསར་པའི་ཁང་བཀོད་བཟོ་རིག་ལག་རྩལ་པ་སྐུ་ཞབས་ཨ་ཁ་ཤཱ་ཡ་ཇིན་དང་རཱ་ཁཱ་ཁྱ་ཁར་ཝ་ཏི་གཉིས་ཀྱི་ལས་འཆར་དེའི་ཐོག་འགན་འཁུར་བྱ་རྒྱུ་ཡིན་འདུག

ལྷ་ཁང་དེའི་བཟོ་དབྱིབས་ཀྱི་མཐོ་ཚད་ལ་རྩེ་གྲུ་༦༣དང་རྒྱ་ཁྱོན་དུ་དཀྱིལ་ཐིག་གི་རིང་ཚད་རྩེ་གྲུ་༨༠ཐམ་པ་ཞིག་བཟོ་འཆར་ཡོད་འདུག་ལ། དེ་ཡང་ཐོག་ཁང་ཤེལ་གྱི་བཟོ་བཀོད་ཁ་བྱེ་བ་ལས་རྒྱ་གར་ཨུ་ཊར་མངའ་སྡེ་སཱ་ར་ཎ་ཐའི་སྟོན་པའི་སྐུ་བརྙན་དང་འདྲ་བ། མཐོ་ཚད་དུ་རྩེ་གྲུ་༡༥ཅན་༼ཆུ་ནར་བྱེ་རྡོ་༽ལས་གྲུབ་པའི་སྟོན་པའི་སྐུ་བརྙན་ཞིག་བཞུགས་སུ་གསོལ་རྒྱུ་ཡིན་འདུག མ་ཚད་ལྷ་ཁང་གི་ཕྱོགས་གང་སར་དྲ་བ་དྲ་བསྐྱེད་ཀྱི་མཛེས་རྒྱན་དང༌། སྒོ་ཆེན་གཉིས་ཅན་ཞིག་ལ་སྒོ་སྲུང་བ་སོགས་འཇོག་རྒྱུ་ཡིན་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།