རྒྱ་ནག་ལ་དྲག་ཆར་གྱི་གནོད་སྐྱོན་ཐེབས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༧ཉིན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཉིན་གཉིས་རིང་ལ་རྒྱ་ནག་ལྷོ་ཕྱོགས་ཀྱི་ཧའེ་ནན་དང་ཀོའུ་ཀྲུག་ཞིང་ཆེན། དེ་བཞིན་ཁྲོང་ཆིན་གྲོང་ཁྱེར་བཅས་ལ་ཆར་རླུང་དྲག་པོའི་གནོད་སྐྱོན་ཐེབས་ཏེ་མི་༣༩རྐྱེན་ལམ་དུ་བརྫངས་ཡོད་པ་མ་ཟད། ཡུལ་མི་སྟོང་ཕྲག་མང་པོ་ཡུལ་སྤོ་བྱེད་དགོས་བྱུང་ཡོད་འདུག

ཐེངས་འདིའི་སེར་བ་དང་རླུང་འཚུབ་འདྲེས་མའི་དྲག་ཆར་གྱི་རང་བྱུང་གནོད་སྐྱོན་ཁྲོད། ཁྲོན་ཆིན་གྲོང་ཁྱེར་གྱི་ཡུལ་མི་༧༠.༠༠༠ལྷག་ཡུལ་སྤོ་བྱེད་དགོས་བྱུང་ཡོད་ཅིང༌། ཐོག་བརྩེགས་ཅན་གྱི་སྡོད་ཁང་༡.༠༠༠ལྷག་རྡིབ་སྐྱོན་བྱུང་ཡོད་འདུག གཞན་ཡང་ཀོའུ་ཀྲུག་ཞིང་ཆེན་དང་ས་ཐག་ཉེ་སར་རི་ཉིལ་དང་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་ཡུལ་དེ་གའི་ལོ་ཏོག་དང་འཛུགས་བསྐྲུན་ལ་གྱོང་གུད་དང་གནོད་སྐྱོན་ཚབས་ཆེན་སྤྲད་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་གནས་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཐེངས་འདིའི་དྲག་ཆར་གྱི་འཇིགས་པ་དེ་རྒྱ་ནག་ལྷོ་ཕྱོགས་ཀྱི་ཚ་རླབས་དང་བྱང་ཕྱོགས་ཀྱི་གྲངས་རླབས་གཉིས་གདོང་ཐུག་བརྒྱབ་པ་ལས་བྱུང་བ་རེད་ཟེར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།