ཀློག་མ་ཐུབ་པའི་རྒྱ་མིའི་གསར་འགྱུར་ནང་གི་གནད་དོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༦ཉིན། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཚན་པས་རྒྱ་ནག་གི་གསར་འགོད་པ་དག་ལ། ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་ཀྱི་བྱེད་སྒོའི་སྐོར་དང༌། ཉེ་ཆར་རྒྱའི་སློབ་གྲྭ་ཁག་ཅིག་ནང་བྱུང་བའི་མི་གསོད་དོན་རྐྱེན་སྐོར། འཕར་སྣོན་བྱུང་བའི་ས་གཞིས་ཁང་ཁྱིམ་གྱི་གོང་ཚད་སྐོར། ཐའེ་ཝན་ནང་ཁུལ་གྱི་སྲིད་དོན་གྱི་གནས་བབས་སྐོར། དེ་བཞིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཁེའམ་ཇོང་ཨལ་ལགས་ཀྱི་རྒྱ་ནག་ནང་གི་འཚམ་གཟིགས་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགོད་འབྲི་དང་སྒྲོག་སྤེལ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག

ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྔ་ཉིན་དགོང་མོར།  རྒྱ་གཞུང་གི་དྲིལ་བསྒྲགས་ཚན་པས་རྒྱ་ནག་གི་གསར་འགོད་པ་རྣམས་ལ་བཀོད་ཁྱབ་ཅིག་བཏང་འདུག་ཅིང༌། ཕི་རན་སིའི་རྒྱལ་ཕེ་རེས་སི་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ལ་གོང་གསལ་གྱི་བཀོད་ཁྱབ་ཡི་གེའི་ངོ་བཤུས་ཤིག་ལག་སོན་བྱུང་ཡོད་འདུག

དེ་ཡང་བཀོད་ཁྱབ་ཡི་གེ་དེའི་ནང༌།   རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དངངས་སྐྲག་ཞི་འཇགས་དང༌། དྲག་སྤྱོད་པས་གཅིག་མཚུངས་ཀྱི་བྱ་ངན་སྤེལ་བ་སྔོན་འགོག་བྱ་ཆེད། སློབ་གྲྭ་ཁག་ཅིག་ལ་འཇབ་རྒོལ་ཐེབས་ཏེ་མི་གསོད་ཁྲག་སྦྱོར་བྱུང་བའི་དོན་རྐྱེན་རིགས་དང་དེ་ལས་འཕྲོས་པའི་བསམ་ཚུལ་རིགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྒྲོག་སྤེལ་བྱེད་མི་ཆོག ཅེས་དང༌། ཅང་སུའུ་དང་ལའེ་ཀྲུག་སློབ་གྲྭ་གཉིས་ཀྱི་འཇབ་རྒོལ་དོན་རྐྱེན་དང་འབྲེལ་བའི་གསར་རྩོམ་དྲ་ཐོག་ཏུ་སྤེལ་ཟིན་པ་དག་མྱུར་དུ་ཕྱིར་འཐེན་བྱེད་དགོས། ཞེས་བཀོད་ཡོད་འདུག

བཀོད་ཁྱབ་ཡི་གེ་དེའི་ནང་མུ་མཐུད་དུ། ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་དང་འབྲེལ་བའི་ལས་དོན་གྱི་བྱེད་སྒོ་མཐའ་དག་རྒྱ་ནག་དབུས་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གཙོས་པའི་དབུས་གཞུང་གི་གསར་ཁང་དག་གིས་འདོན་སྤེལ་བྱས་པའི་གསར་འགྱུར་བེད་སྤྱོད་བྱེད་པ་ལས། གསར་ཁང་གཞན་དག་གིས་རང་སྣང་གང་ཤར་སྒོས་གསར་འགྱུར་སྒྲོག་སྤེལ་བྱེད་མི་ཆོག་ལ། ཧྲང་ཧའེ་ལ་ཕེབས་ཡོད་པའི་རྒྱལ་སྤྱིའི་འགོ་ཁྲིད་དག་ལ་དྲི་བ་དྲིས་ལན་གཏན་ནས་བྱེད་མི་ཆོག ཅེས་དང༌། ཐེངས་འདིའི་དངོས་མང་འགྲེམ་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐབས་དོན་རྐྱེན་གློ་བུར་བ་བྱུང་ཚེ། གཞུང་གི་ཆོག་མཆན་མེད་པར་གནས་ཚུལ་དང་བསམ་ཚུལ་རིགས་དྲིལ་སྒྲོག་བྱེད་མི་ཆོག ཅེས་བཀོད་ཡོད་འདུག

འཕར་སྣོན་བྱུང་བའི་ས་གཞིས་ཁང་ཁྱྀམ་གྱི་གོང་ཚད་ཐད་ལ་བཀོད་ཁྱབ་ནང༌། ནུབ་ཕྱོགས་གསར་འགྱུར་བརྒྱུད་ལམ་ཁག་གིས་ས་གཞིས་ཁང་ཁྱིམ་གྱི་གོང་ཚད་ཐད་ལ་བཏོན་པའི་སྐྱོན་བརྗོད་རིགས་དང༌། དེ་དོན་དང་འབྲེལ་བའི་བསམ་ཚུལ་རིགས་རྒྱའི་གསར་འགོད་པ་རྣམས་ཀྱིས་བསྐྱར་བཟློས་བྱེད་མི་ཆོག ས་གཞིས་ཁང་ཁྱིམ་གྱི་གོང་ཚད་ཀྱི་བརྗོད་གཞིའི་ཐད་གསར་འགྱུར་སྤེལ་དུས། སྲིད་གཞུང་གི་ས་གཞིས་ཁང་ཁྱིམ་ཐད་ཀྱི་གསལ་འདེབས་ཚུད་པའི་གསར་འགྱུར་རིགས་བེད་སྤྱོད་བྱེད་དགོས། ཞེས་བཀོད་ཡོད་འདུག

རྒྱ་གཞུང་གི་དྲིལ་བསྒྲགས་ཚན་པས་རྒྱའི་གསར་འགོད་པ་རྣམས་ལ། ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་སྐུ་ཚབ་རྣམས་ཀྱིས་ཉེ་ཆར་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་ལ་བཏོན་པའི་ཡོངས་ཁྱབ་གསལ་བསྒྲགས་དེིའི་རིགས་གསར་འགྱུར་ནང་འགོད་སྤེལ་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།