དགོངས་ཚུལ།

གངས་ཅན་དཔེ་མཛོད་ཁང་དུ་དཔེ་དེབ་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༤ཉིན། ༼གབ་ཡིབ་ཏུ་གནས་པའི་བོད་༽ཅེས་པའི་༼བོད་རང་བཙན་དང་བཙན་འཛུལ་༽གྱི་གནད་དོན་གླེང་བའི་དེབ་དེ། དེ་རིང་ཕྱི་དྲོ་གངས་ཅན་དཔེ་མཛོད་ཚོགས་ཁང་དུ་དབུ་འབྱེད་མཛད་སྒོ་ཞིག་བྱས་སོང༌།

སྐབས་དེར་དཔེ་དེབ་རྩོམ་པ་པོ་མཁས་དབང་སར་ཇེའུ་སི་མཆོག་ངོ་ཕེབས་གནང་ཡོད་པས་མ་ཚད། སྐུ་མགྲོན་གཙོ་བོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་དང༌། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོ་ལགས་བཅས་ཕེབས་འདུག

དེབ་དེ་ནི་ཨུ་རུ་སུའི་གཙུག་ལག་སློབ་གཉེར་ཁང་གི་ཆེས་མཐོའི་མཁས་དབང་སར་ཇེའུ་སི་ལ་ཀུ་ཛ་མིན་མཆོག་གིས་ཨུ་རུ་སུའི་སྐད་ཡིག་ནང་གསར་རྩོམ་གནང་བ་ཞིག་རེད་འདུག

དེབ་དེ་ནི་ཨུ་རུ་སུའི་སྐད་ཡིག་ནང་བོད་དོན་སྐོར་བྲིས་པ་དྲ་རྒྱས་ཤོས་ཅིག་ཆགས་ཀྱི་ཡོད་འདུག་པ་དང༌། དེབ་དེའི་ནང་ཁྱོན་ཤོག་གྲངས་༥༤༡དང༌སྡེ་ཚན་ལེའུ་༡༢ཡོད་འདུག་པ་དང༌། སྔོན་མ་ནས་བོད་ཀྱི་ས་ཁམས་ཀྱི་གནས་བབས་དང༌། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་བརྒྱུད་རིམ་བར་གྱི་གནས་སྟངས་སྐོར་འདྲ་པར་གྲངས་༡༨༠ཙམ་ཡོད་འདུག

དེབ་དེའི་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་འཕེལ་རིམ་ཁྲོད། བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསལ་པོར་མཚོན་ཐུབ་ཀྱི་ཡོད་པའི་སྐོར་དང༌། ཐེངས་འདིར་རྩོམ་པ་པོས་འགྲེལ་བརྗོད་གསུང་བཤད་ནང༌། བོད་ནི་དེ་སྔ་རྒྱལ་ཁབ་སུ་ཞིག་གི་ཆ་ཤས་སུ་གྱུར་མྱོངས་མེད་པ་དང༌། རྒྱ་ནག་དེ་སོག་པོ་དང་མན་ཇུའི་མངའ་འོག་ཏུ་ཡོད་པའི་སྐབས་སུ་བོད་ནི་ལོགས་སུ་ཐ་དད་དུ་གནས་ཡོད་པ་རེད། རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱེད་པ་ནི་ལུགས་མཐུན་ཞིག་མིན་པར་དེ་ནི་ཁྲིམས་འགལ་གྱི་བཙན་འཛུལ་ཞིག་རེད་ཅེས་གསུངས་སོང༌།

དེ་བཞིན་དེབ་དེའི་ནང་བོད་མི་རྣམས་ཀྱི་སྔོན་མ་དང་ད་ལྟའི་དུས་སྐབས་བར་གྱི་གནས་སྟངས་ཏེ། ༼ཞིང་བྲན་ལམ་ལུགས་༽ཀྱི་དུས་སྐབས་དང་རྒྱ་ནག་༼དམར་པོའི་རིང་ལུགས་༽འོག་གི་འཚོ་བའི་གནས་སྟངས། དེ་བཞིན་རྒྱ་ནག་གི་དབང་བསྒྱུར་འོག་དཔལ་འབྱོར་འཕེལ་རྒྱས་དང་རིག་གཞུང་རྩ་གཏོར་གྱི་ལམ་ལུགས་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

དེབ་དེ་ཐོག་མར་ཨུ་རུ་སུའི་སྐད་ཡིག་ནང་གསར་རྩོམ་གནང་བ་ཞིག་ཡིན་པ་དང༌། དེ་རྗེས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ནང་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་རིག་གཞུང་དང་དྲིལ་བསྒྲགས་བསྟི་གནས་ཁང་གི་འཛིན་སྐྱོང་འོག་དབྱིན་ཡིག་ཐོག་ཕབ་སྒྱུར་ཞུ་བཞིན་པ་ཞིག་ཀྱང་རེད་འདུག མ་ཚད་དེབ་དེ་བོད་སྐྱོབས་ www.savetibet.ru  ཅེས་པའི་ཨུ་རུ་སུའི་སྐད་ཡིག་ཐོག་ཡོད་པའི་དྲ་ཚིགས་དེའི་ཐོགས་ཏུའང་ནང་འཇུག་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།