དགོངས་ཚུལ།

རྒྱ་ནག་གིས་དྲ་རྒྱར་དོ་དམ་བྱེད་ཤུགས་ཆེ་རུང་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༤ཉིན། དེ་རིང་ཞོགས་པར་རྒྱ་ནག་གཞུང་གི་དྲིལ་བསྒྲགས་བློན་ཆེན་ཝང་ཆིན་གྱིས། ཕྱིལ་རྒྱལ་ཁག་ནས་༼ཁ་གཏད་པ་ཚོའི་སྡང་སེམས་༽དང་འབྲེལ་བའི་དྲ་བ་ཐོག་འཇིགས་སྐུལ་གྱི་ཁ་བྱང་རིགས་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་ཤིན་ཧྭ་ཟེར་བའི་གསར་ཁང་བརྒྱུད་ཕྱི་བསྒྲགས་བྱས་ཡོད་པ་རེད།

ཡང་ཁོང་གིས་ཕྱི་ཕྱོགས་ནས་གནོད་སེམས་ཅན་གྱི་གནས་ཚུལ་རིགས་བཀག་འགོག་བྱེད་པའི་དོ་དམ་ཤུགས་ཆེ་རུ་དང་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར། འོན་ཀྱང་ཕྱི་ཕྱོགས་ཀྱི་དྲ་རྒྱ་གང་དང་གང་ཞིག་བཀག་སྡོམ་བྱ་མིན་སོགས་ཁ་གསལ་འགྲེལ་བརྗོད་བྱས་མི་འདུག་ལ། ཐེངས་འདིའི་ལས་འགུལ་ནི་དྲ་ཐོག་གི་གནས་ཚུལ་ཏེ། དཔྱད་བརྗོད་དང༌། སྐྱོན་བརྗོད་ཀྱི་རྩོམ་ཡིག་སོགས་དཔེར་ན། རྒྱ་ནག་གཞུང་ལ་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་དང་ཆོས་ལུགས་སོགས་ཏེ། བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ཆེད་དུ་བཀག་སྡོམ་ཉན་མོ་བྱ་རྒྱུ་ཡིན་འདུག

ཡང་ཁོང་ཚོས་འདི་ལྟར་རྒྱ་དྲ་ཐོག་དོ་དམ་ནན་མོ་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་ལ་གནོད་སྐྱོན་ཡོད་པའི་ཕྱི་རྒྱལ་གྱི་དྲ་རྒྱ་ཁག་རྒྱ་ནག་ནང་བེད་སྤྱོད་བྱ་རྒྱུར་བཀག་སྡོམ་དང༌། དྲ་རྒྱ་དེ་དག་རྒྱ་ནག་ནང་སིམ་འཛུལ་བྱ་རྒྱུར་འགོག་པ་ཞིག་ཡིན་ཞེས་བརྗོད་འདུག

སྤྱིར་ད་ལྟའི་ཆར་རྒྱ་ནག་ནང་དྲ་རྒྱ་བདེ་སྤྱོད་བྱེད་མཁན་ཁྱོན་མི་གྲངས་ས་ཡ་༤༠༠ཙམ་ཡོད་པ་དེ་དག་དང༌། དམིགས་བསལ་ཆབ་སྲིད་དང༌། འགྲོ་བ་མིའི་ཐོབ་ཐང༌། གསར་ཁང་ཁག་བཅས་ལ་དམ་དྲག་དང་ཞིབ་བརྟག་ནན་མོ་བྱེད་བཞིན་ཡོད་པ་རེད་འདུག

དེ་སྔོན་རྒྱ་ནག་གིས་དྲ་ཐོག་འཇབ་རྒོལ་གྱིས་རྐྱེན་པས་གྷུ་གྷལ་དྲ་བ་རྒྱ་ནག་ལས་ཕྱི་འཐེན་ཟིན་རུང༌། ད་ལྟའི་ཆར་རྒྱ་ནག་ནང་དྲ་རྒྱའི་སྒྲིག་གཞི་གསར་པ་དེའི་འོག དྲ་ཚིག་གཞན་ཡཱ་ཧོ་སོགས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།