དགོངས་ཚུལ།

༢༠༡༠ལོའི་ཧྲང་ཧེ་དངོས་མང་བཤམས་སྟོན་ཆེན་མོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༣ཉིན། ཕྱི་ལོ་༢༠༡༠འཛམ་གླིང་དངོས་མང་བཤམས་སྟོན་༼དངོས་མང་སྟོན་ཚོགས་༽ཆེན་མོ་དེ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་འགོ་འཛུགས་བྱས་ཡོད་པ་རེད།

དེ་ཡང་འཛམ་གླིང་གི་དངོས་མང་སྟོན་ཚོགས་ཆེན་མོ་དེའི་སྒོ་འབྱེད་མཛད་སྒོ་དེ་ཟླ་འདིའི་ཚེས་༡ཉིན་ཧྲང་ཧེ་གྲོང་ཁྱེར་གྱི་ཧན་ཕུ་གཙང་པོའི་གཞོག་གཉིས་ནས་ཚོགས་ཡོད་འདུག

དངོས་མང་སྟོན་ཚོགས་ཆེན་མོ་དེ་ནི་འདས་པའི་ལོ་ངོ་༢༠རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་དེ་ཕྱི་ཕྱོགས་སུ་མངོན་པར་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་སྟེ། འདི་ལོ་ཕྱི་ཟླ་༥པའི་ཚེས་༡ནས། ཕྱི་༡༠པའི་ཚེས་༣༠བར་འཚོགས་རྒྱུ་ཡིན་པ་རེད།

སྟོན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ཡིས་གཙོས་པའི་དབང་འཛིན་པ་རྣམ་པ་དང༌། དེ་བཞིན་འཛམ་གླིང་སྟོན་ཚོགས་གྱི་འགན་འཛིན་བཅས་ཕེབས་ཡོད་འདུག་ལ། སྐབས་དེར་རོལ་དབྱངས་སྤྲོ་སྟོན་དང་ཤོག་སྦག་སྤར་བ་སོགས་དགའ་སྤྲོ་རྒྱ་ཆེར་བྱས་ཡོད་འདུག

ཁོང་ཚོས་རོབ་རྩིས་བྱས་པ་ཡིན་ན་འདི་ལོ་སྟོན་ཚོགས་ཐོག་རྒྱ་རིགས་གཙོ་བོ་གྱུར་བའི་ཡུལ་སྐོར་སྤྲོ་འཆམ་པ་ཁྱོན་མི་གྲངས་ས་ཡ་༧༠སླེབས་རྒྱུའི་འཆར་གཞི་བྱེད་བཞིན་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།