བྱང་ཀོ་རིའི་སྲིད་འཛིན་རྒྱ་ནག་ཏུ་ཕྱིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༣ཉིན། ལྷོ་ཀོ་རིའི་གྲོང་ཁྱེར་ཆེ་ཤོས་དང་རྒྱལ་ས་སི་ཨོལ་ནས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་བྱང་ཀོ་རིའི་སྲིད་འཛིན་ཁིམ་ཇོང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕྱིན་ཡོད་འདུག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༣ཉིན། ལྷོ་ཀོ་རིའི་གྲོང་ཁྱེར་ཆེ་ཤོས་དང་རྒྱལ་ས་སི་ཨོལ་ནས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་བྱང་ཀོ་རིའི་སྲིད་འཛིན་ཁིམ་ཇོང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕྱིན་ཡོད་འདུག

སྤྱིར་བྱང་ཀོ་རིའི་སྲིད་འཛིན་ནི་ཕྱིའི་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་སུ་འགྲོ་བ་ཧ་ཅང་དཀོན་པོ་ཡིན་ཡང་། ཟླ་སྔོན་མར་ལྷོ་ཀོ་རི་ཡའི་དམག་གྲུའི་དོན་རྐྱེན་དང་། ཉེ་ཆར་ཨ་རི་དང་རྒྱ་ནག་གཙོས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་༦གིས་ལྷོ་ཀོ་རིའི་རྡུལ་ཕྲན་མཚོན་ཆའི་གནད་དོན་སྐོར་གྲོས་མོལ་གྱིས་གནོན་ཤུགས་བཅས་ལ་བརྟེན། ཐེངས་འདིར་ཁོང་གིས་རྒྱ་ནག་ཏུ་འགྲོ་རྒྱུ་ནི་གལ་ཆེ་དོན་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད་འདུག

དེ་ཡང་དམག་གྲུའི་དོན་རྐྱེན་ནི་འདི་ལོ་ཕྱི་ཟླ་༣ཚེས་༢༦ཉིན། ལྷོ་ཀོ་རིའི་ས་སྣུམ་དབོར་འདྲེན་དམག་གྲུ་ཞིག་བྱང་ཀོ་རིའི་ས་མཚམས་བརྒྱུད་ནས་འགྲོ་སྐབས། གློ་བུར་དུ་འབར་གས་བྱུང་ནས། གྲུ་པ་མི་གྲངས་༤༦སྲོག་སྐྱོན་ཤོར་ཡོད་པ་དེ། དམག་གྲུ་ནང་ངོས་ནས་འབར་གས་བྱུང་བ་ཞིག་མ་ཡིན་པ་དེ་ནི་བྱང་ཀོ་རིའི་ངན་ཇུས་འོག་ཕྱི་ཕྱོགས་ནས་གཏོར་རྒོལ་བྱས་ཚུལ་གྱི་ཉེས་འཛུགས་བྱས་ཡོད་པ་རེད།

བྱང་ཀོ་རིའི་སྲིད་འཛིན་ཁིམ་ཇོང་ལ་སྲུང་བྱ་ནན་མོ་འོག རེས་གཟའ་ཟླ་བ་ཉིན་རྒྱ་ནག་དང་བྱང་ཀོ་རིའི་ས་མཚམས་ཏན་ཏུང་གྲོང་ཁྱེར་བརྒྱུད་སྐབས། ཏན་ཏུང་དང་པེ་ཅིང་སོགས་སུ་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པས་འགྲུལ་འགྲུལ་ཡོངས་སུ་བཀག་སྡོམ་བྱས་ཡོད་འདུག

འོན་ཀྱང་རྒྱ་ནག་དང་བྱང་ཀོ་རིའི་ཕྱོགས་གཉིས་ཀས་བྱང་ཀོ་རིའི་སྲིད་འཛིན་ཕྱིར་ལོག་ཚར་བའི་རྗེས་སུ། གཞི་ནས་འཚམས་གཟིགས་ཕྱིན་པའི་སྐོར་ཕྱིར་བསྒྲགས་ཤིག་བྱས་ཡོད་ཀྱང་། གནད་དོན་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

ན་ནིང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ཡིས་རྒྱ་ནག་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་མཛད་སྒོའི་ཆ་ཤས་དང་འབྲེལ་བའི་ཡུལ་གཉིས་དབར་གྱི་འབྲེལ་ལམ་ཐད། བྱང་ཀོ་རིའི་སྲིད་འཛིན་ཁིམ་ཇུང་མགྲོན་འབོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།