དགོངས་ཚུལ།

ཨེ་ཤ་ཡ་ཞི་བདེ་མངའ་ཁུལ་གྱི་དྲ་འབྲེལ་ལྗང་ཁུ་ཚོཌ་ཆེན་གཉིས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༩ཉིན། ཨེ་ཤ་ཡ་ཞི་བདེ་མངའ་ཁུལ་གྱི་དྲ་འབྲེལ་ལྗང་ཁུ་ཞེས་པའི་ཚོགས་ཆེན་གཉིས་པ་དེ་སང་ཉིན་ནས་བཟུང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་སྐོང་ཚོགས་གནང་འགོ་ཚུགས་རྒྱུ་རེད་ཅིང༌། ཚོགས་ཆེན་དེར་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་བོད་ཀྱི་དགུ་བཅུ་གསུམ་ཚོགས་པ་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་འཆར་ཟླའི་ཚེས་༣ཉིན་ངོ་བཅར་གྱིས་བོད་དོན་སྐོར་གྱི་གསུང་བཤད་སྤེལ་རྒྱུ་རེད་འདུག

ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་མའ་ལིས་ཆུག་ལགས་ཀྱིས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་དོན། འཆར་ཟླ་ཚེས་མ་ཐག་བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀལ་ལྷ་མོ་ལགས་གཉིས་ཐའེ་ཝན་དུ་ངོ་ཕེབས་གནང་སྟེ། ཨེ་ཤ་ཡ་ཞི་བདེ་མངའ་ཁུལ་གྱི་དྲ་འབྲེལ་ལྗང་ཁུ་ཚོགས་ཆེན་གཉིས་པའི་ཐོག་བཅར་རྒྱུ་ཡིན་པ་མ་ཟད། ཐའེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མཇལ་འཕྲད་སྒོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང༌། རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་འོག་གི་བོད་ཀྱི་གནས་བབས། བོད་རྒྱལ་ཁབ་དང་ཁྱིམ་ཚང་གི་སླད་དུ་སྤེལ་བའི་བོད་ཀྱི་བུད་མེད་ལས་འགུལ། དེ་བཞིན་བོད་མི་གྲངས་ལས་འདས་པས་སྲོག་ཉེན་ལ་མ་འཛེམ་པར་རྒྱ་གར་ནང་བྲོས་བྱོལ་ལ་ཡོང་དགོས་དོན་སོགས་ཀྱི་ཐད་ངོ་སྤྲོད་དང་བསམ་ཚུལ་བརྗེ་རེས་སྤེལ་རྒྱུ་རེད་ལ། དེ་དང་ཆབས་ཅིག་བོད་དོན་ལ་རྒྱབ་སྐྱོར་རོགས་རམ་འཚོལ་སྒྲུབ་གནང་རྒྱུ་རེད། ཅེས་བརྗོད་བྱུང༌།

གཞན་ཡང་ཐེངས་འདིའི་ཚོགས་ཆེན་ཐོག་བོད་ཀྱི་གཞུང་འབྲེལ་མིན་པའི་སྐུ་ཚབ་རྣམ་གཉིས་ཀྱིས་༼འཛམ་གླིང་གི་སྣེ་མོ་གསུམ་པ་སྟེ། བོད་མདོ་དབུས་མཐོ་སྒང་༽་ཞེས་པའི་བརྗོད་གཞིའི་ཐོག་ལ་རྒྱ་ནག་གཞུང་གི་གནོན་ཤུགས་དང་བཟོ་ལས་བཤུ་གཞོག་འོག བོད་ཀྱི་མདོ་དབུ་མཐོ་སྒང་གི་འཁོར་ཡུག་བཙོག་བཟོ་ཇི་ལྟར་ཐེབས་ཀྱིན་ཡོད་ལུགས་ཐད་གསུང་བཤད་སྤེལ་རྒྱུ་ཡིན་པ་མ་ཟད། བོད་དང་ཐའེ་ཝན་གཉིས་ཀྱིས་མཉམ་རུབ་སྒོས་རྒྱ་གཞུང་གི་བཙན་གནོན་ལ་གདུང་ལེན་བྱེད་དགོས་དོན་སྐོར་བསམ་ཚུལ་ལྷུག་བརྗོད་གནང་འཆར་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།