རྒྱ་ནག་གི་ཁྱད་ལས་པ་སུམ་བརྒྱས་བོད་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

  ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༠ཚེས་༡༣ཉིན་སྤེལ། ཉེ་ཆར་རྒྱ་ནག་ཏུ་ཡོད་པའི་རྩོམ་པ་པོ་དང་ཁྲིམས་རྩོད་པ། མང་གཙོ་དོན་གཉེར་བ། ཤེས་ཡོན་ཁྱད་ལས་པ། སྒྱུ་རྩལ་བ། སོ་ནམ་པ། ཁྲིམས་རྩོད་པ་སོགས་ཆེད་མཁས་མི་སྣ་༣༠༠ལྷག་གིས་མཚན་རྟགས་བཀོད་པའི་༢༠༠༨ལོའི་རྩ་འཛིན་ཞེས་པའི་ཡིག་ཆ་བཏོན་ཡོད་པ་དང་ཡིག་ཆ་དེར་བོད་མི་རྣམས་ལ་རང་སྲིད་རང་སྐྱོང་གི་གནས་བབས་སྤྲད་དགོས་པ་དང་རྒྱ་ནག་ཏུ་མང་གཙོ་དགོས་ལུགས་སོགས་འཁོད་ཡོད་པ་རེད།

13december20087དེ་ཡང་ཉེ་ཆར་རྒྱ་ནག་ཏུ་ཡོད་པའི་རྩོམ་པ་པོ་དང་ཁྲིམས་རྩོད་པ། མང་གཙོ་དོན་གཉེར་བ། ཤེས་ཡོན་ཁྱད་ལས་པ། སྒྱུ་རྩལ་བ། སོ་ནམ་པ། ཁྲིམས་རྩོད་པ་སོགས་ཆེད་མཁས་མི་སྣ་༣༠༠ལྷག་གིས་མཚན་རྟགས་བཀོད་པའི་༢༠༠༨ལོའི་རྩ་འཛིན་ཞེས་པའི་ཡིག་ཆ་བཏོན་ཡོད་པ་དང་ཡིག་ཆ་དེར་བོད་མི་རྣམས་ལ་རང་སྲིད་རང་སྐྱོང་གི་གནས་བབས་སྤྲད་དགོས་པ་དང་རྒྱ་ནག་ཏུ་མང་གཙོ་དགོས་ལུགས་སོགས་འཁོད་ཡོད་པ་དང༌། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ལ་འཐུས་མིའི་རྒྱལ་ཁབ་ཚོས་མཚན་རྟགས་བཀོད་དེ་ལོ་ངོ་༦༠འཁོར་བའི་དྲན་གསོའི་སྔ་སྣུར་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་གསུམ་འཛིན་བཟུང་བྱས་ཡོད་ལ། ཨ་རིའི་ཕྱི་སྲིད་རྒྱལ་དོན་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་བཀག་ཉར་དོ་དམ་བྱས་པའི་མི་སྣ་གྲགས་ཅན་གཞུང་དང་ཆབ་སྲིད་ཀྱི་ལྟ་ཚུལ་མི་མཐུན་པ་འཛིན་མཁན་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ཡི་བདེ་འཇགས་ལ་དམིགས་བསལ་གྱི་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་དང༌། རྒྱ་ནག་གཞུང་ནས་ལིའུ་ཤའོ་ཕུའུ་གློད་འགྲོལ་གཏོང་དགོས་པ་ང་ཚོས་འབོད་སྐུལ་བྱ་རྒྱུ་མ་ཟད། ཞི་བའི་ལམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྤྱི་མོས་ཀྱིས་ངོས་ལེན་བྱེད་བཞིན་པའི་གཞི་རྩའི་རང་དབང་ཐོབེ་ཆེད་རྣམ་འགྱུར་སྟོན་མཁན་རྒྱ་ནག་གི་སྤྱི་འབངས་རྣམས་ལ་བསུན་བཙིར་བཟོ་བཞིན་པ་དེ་དག་ངེས་པར་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་ནང་བཀོད་ཡོད་པ་རེད།

གོང་གསལ་རྒྱ་ནག་གི་རྩོམ་པ་པོ་ལིའུ་ཤའོ་ཕུའུ་འཛིན་བཟུང་བྱས་དགོས་དོན་དེའི་ཐད་རྒྱ་ཡིག་དྲ་གནས་སུ་གནས་ཚུལ་ཐོན་གསལ་གཞིགས་ན། ཉེ་ཆར་རྒྱ་ནག་ཏུ་ཡོད་པའི་རྩོམ་པ་པོ་སོགས་ཁྱད་ལས་མི་སྣ་༣༠༠ལྷག་གིས་མཚན་རྟགས་བཀོད་པའི་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆ་ཞེས་པའི་དགོས་འདུན་ཡིག་ཆ་བཏོན་པ་ལས་བྱུང་ཡོད་ཅིང༌། དེའང་ཁོང་འཛིན་བཟུང་བྱེད་དགོས་དོན་སྲིད་འཛིན་ཧུའུ་ཅིན་ཐའོ་ངོ་མས་བཀའ་བཀོད་བཏང་བ་ཞིག་ཡིན་ལུགས་བཀོད་ཡོད་པ་རེད།

གཞན་ཡང་བོད་དོན་དང་འབྲེལ་བའི་དཀའ་རྙོག་དེ་རྒྱ་ནག་ཕྱོགས་ནས་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་སྐུ་ཚབ་ལྷན་དུ་ཕན་འབྲས་སོན་པའི་ཞི་བའི་གྲོས་མོལ་བརྒྱུད་ནས་སེལ་ཐབས་གནང་རྒྱུར་རེ་བ་གནང་གི་ཡོད་ལུགས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མུན་མཆོག་གིིས་འདི་ཟླའི་ཚེས་༡༢ཉིན་གསར་འགོད་པར་ལན་འདེབས་གནང་ཡོད་པ་རེད།

དེ་ཡང་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མུན་མཆོག་གིས། རྒྱ་ནག་གི་དབུ་འཁྲིད་ཚོས་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་སྐུ་ཚབ་རྣམ་པའི་ལྷན་དུ་ཞི་བའི་ཐོག་ནས་གྲོས་མོལ་བརྒྱུད་ནས་མུ་མཐུད་རྒྱུན་འཁྱོངས་ཡོང་ཐབས་སུ་རེ་བ་རྒྱག་བཞིན་ཡོད་ལ། དེ་ཡང་བོད་དོན་དང་འབྲེལ་བའི་དཀའ་རྙོག་ཡོངས་རྫོགས་ཞི་འཇམ་དང་འཆམ་མཐུན་གྱི་ངང་ནས་སེལ་ཐབས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། དེ་ནི་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་གི་མུན་མཆོ་གིས་རྒྱ་བོད་འབྲེལ་མོལ་ཐད་ཐུགས་ཁུར་ཆེན་པོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཡོངས་གྲགས་ཀྱི་དགོངས་ཚུལ་གསུངས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་ལ། དེའི་སྔོན་དུ་བོད་ས་ཡོངས་རྫོགས་སུ་བོད་མི་ཚོས་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་བའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཆེ་རུ་བཏང་བ་དང་སྦྲགས། བོད་ནང་གསར་འགོད་པ་དང་ཕྱི་རྒྱལ་མི་སྣ་སུ་གཅིག་ཀྱང་འགྲོ་མི་ཆོག་པའི་བཀག་རྒྱ་དང་དམ་དྲག་ཤུགས་ཆེན་བྱས་པའི་སྐབས་སུའང་བྷན་གི་མུན་མཆོག་གིས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

ཟླ་བ་འདིའི་ཕྱི་ཚེས་དགུ་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་ལོ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ཉིན་རྒྱ་ནག་མི་དམངས་བརྒྱ་ཕྲག་འགའ་ཤས་ཀྱིས་རྒྱ་ནག་ནང་རང་དབང་ཆེ་ཙམ་དགོས་པ་དང་དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་ལམ་ལུགས་མེད་པ་བཟོ་དགོས་པའི་སྐོར་རྒྱ་ནག་གཞུང་ལ་ཡི་གེ་ཕུལ་བ་དེར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་གནང་ཡོད་པ་གཤམ་དུ་བཀོད་ཡོད་པས་གཟིགས་རོགས།

གནད་དོན་དེར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་ལས་འགུལ་བ་ཚོས་རྒྱ་ནག་ནང་མང་གཙོ་དགོས་དོན་གཏོན་པར་བསྔགས་བརྗོད་མཛད་ཡོད་པ་རེད།།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མི་རིགས་༣༠༠ལྷག་གིས་རྒྱ་ནག་གཞུང་ལ་རང་དབང་དང་དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་ལམ་ལུགས་མཚམས་འཇོག་བྱ་དགོས་པའི་ཡི་གེ་ཕུལ་བ་དེ་ཡིས་ངོས་ལ་ཧ་ཅང་གི་སྤོབས་པ་དང་བློ་སྟོབས་འཕེལ་བའི་སྐུལ་དེད་ཆེན་པོ་ཞིག་བྱུང་ཞེས་དང་ངོས་སྒེར་གྱི་ཐོག་ནས་ཀྱང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་ཡིས་སྤྱི་ཚོགས་འཆམ་མཐུན་ཡོང་བ་བྱ་དགོས་ཞེས་པའི་གཏམ་བཤད་དེ་ནི་སྔགས་བརྗོད་བྱ་འོས་པ་ཞིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་ལ་སྤྱི་ཚོགས་འཆམ་མཐུན་ནི་མི་ཕན་ཚན་བར་ལ་ཡིད་ཆེས་དང་རང་དབང༌། སྨྲ་བརྗོད་རང་དབང༌། ཁྲིམས་ལུགས་དབང་འཛིན་འདྲ་མཉམ་ཡོད་པ་ཡིན་ཚེ་སྤྱི་ཚོགས་འཆམ་མཐུན་ཡོང་གི་ཡོད་པ་རེད།

ལྷག་པར་དུ་རྒྱ་ནག་གི་དབུ་ཁྲིད་ཚོས་ཆིག་སྒྲིལ་དང་བརྟན་ལྷིང་ཡོང་ཐབས་སུ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། དམིགས་བསལ་ངོས་གོ་སྐབས་དེ་བཟུང་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་རྒྱ་ནག་ནང་དུ་ཨེཛ་འགོས་ནད་སྔོན་འགོག་དང་མི་མང་གི་རང་དབང་ཐོག་ལས་འགུལ་སྤེལ་མཁན་ཧུའུ་ཅ་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡིན་ཞེས་གསུང་ཡོད་པ་རེད། རྒྱ་མི་རིགས་ཀྱི་ཁྲོད་ནས་དེ་སྔ་བྱུང་མྱོང་མེད་པའི་རང་དབང་དང་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་མེད་པ་བཟོ་དགོས་པའི་སྐོར་ལ་རྒྱ་ནག་གཞུང་ལ་ཡི་གེ་ཕུལ་མཁན་དེའི་ནང་དུ་རྒྱ་མི་རིགས་ཆེད་ལས་མཁས་དབང་དང་སྒྱུ་རྩལ་པ། ཞིང་པ་དང་ཁྲིམས་རྩོད་པ་སོགས་ལས་རིགས་མི་འདྲ་བའི་མི་སྣ་ལས་གྲུབ་པ་ཞིག་ཡིན་པ་རེད།

བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༠༨ཟླ་༡༢ཚེས་༡༢ཉིན་རྒྱ་རིགས་མང་གཙོ་དོན་གཉེར་ཅན་རྣམས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཞེས་པ་ཁྱབ་བསྒྲགས་གནང་སྟེ་ལོ་ངོ་༦༠འཁོར་བའི་དུས་དྲན་སྐབས་རྒྱ་ནག་ནང་མང་གཙོ་དགོས་པའི་དགོས་དོན་གཏོན་པར་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཞེས་པ་ཁྱབ་བསྒྲགས་བྱས་ཏེ་ལོ་ངོ་ ༦༠འཁོར་བའི་དུས་དྲན་གྱི་ཉིན་མོར་རྒྱ་ནག་དུ་ཤེས་ཡོན་ཁྱད་ལས་པ་དང༌། སྒྱུ་རྩལ་བ། སོ་ནམ་པ། ཁྲིམས་རྩོད་པ་བཅས་ནས་བཅའ་ཁྲིམས་(Charter 08) ཞེས་པ་ཞིག་ཁྱབ་འགྲམ་བྱས་ཡོད་པར་ངོས་རང་ལ་བློ་སྐྱེད་ཆེན་པོ་བྱུང༌། ཁོང་ཚོས་ཆབ་སྲིད་དང༌། ཁྲིམས་ལུགས། རྩ་ཁྲིམས་བཅས་ལེགས་བཅོས་ཡོང་བའི་དོན་དུ་འབོད་སྒྲ་བསྒྲགས་པ་ནི་ཡིད་རངས་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན།

སྲིད་འཛིན་ཧུའུ་ཅིང་ཐའོས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱེད་དགོས་པའི་སྐུལ་མ་བྱེད་པ་དེ་རྒྱ་རིགས་མི་མང་ཕྲོད་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོང་བཞིན་རྣམས་གླེང་གློང་བྱ་རྒྱུའི་གླེང་སྟེགས་སམ་གོ་སྐབས་ཤིག་སྤྲོད་ཀྱི་ཡོད་པར་བརྟེན་ངོས་རང་སྒེར་གྱི་ངོས་ནས་དེ་དག་བསྔགས་བརྗོད་འོས་པའི་བྱེད་ཕྱོགས་ཤིག་ཡིན་པར་ཡིད་ཆེས་ཞུ་གི་ཡོད། འཆམ་མཐུན་གྱི་སྤྱི་ཚོགས་ནི་མི་མང་ཕྲོད་དུ་ཕན་ཚུན་གཅིག་ཡིད་གཅིག་ཆེས་དང༌། འཇིགས་སྣང་མེད་པའི་རང་དབང༌། ་བརྗོད་རང་དབང༌། ཁྲིམས་ཀྱི་དབང་སྒྱུར། དྲང་བདེན། འདྲ་མཉམ་བཅས་ལྡན་ན་གཞི་ནས་ཡོང་ཐུབ་རྒྱུ་ཡིན།

ངོས་ཀྱིས་རྒྱ་ནག་གཞུང་གི་དབུ་ཁྲིད་རྣམ་པར་རྒྱལ་ཁབ་ནང་ཆིག་སྒྲིལ་དང་བརྟན་ལྷིང་ཡོང་བའི་འབད་བརྩོན་གནང་ཕྱོགས་ནི་ཡ་རབས་བཟང་སྤྱོད་དང་མཐུན་པ་ཞིག་དགོས་གལ་ཆེ་བའི་རེ་སྐུལ་ཞུ་རྒྱུ་ཡིན།

ངོས་ཀྱིས་གོ་སྐབས་འདི་བཟུང་སྟེ་ཧུ་ཇའི་གཙོས་པས་ཀྱི་ཆབ་སྲིད་ཀྱི་བཙོན་པ་ཚོས་རང་རང་གི་བརྗོད་རང་དབང་ལོངས་སུ་སྤྱད་པར་བརྟེན་ནས་བཙོན་འཇུག་བྱུང་བ་རྣམས་གློད་འགྲོལ་གཏོང་གནང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་བཀའ་ཕེབས་ཡོད།།

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
གནས་ཚུལ་དེ་ཚོ་དངོས་གནས་ཡིན་ན་བཟང་བ་ལ་དང་དགའ་བ་ལ། སྐྱིད་པ་ལ་ལ། 3942?²k¦u
ཁོ་ཚོའི་ནང་ནས་མང་བོ་ཞིག་འཇུས་ཡོད་གི་ཟེར།
དེ་ལ་གྲུབ་འབྲས་ཤིག་ཐོན་སྲིད་དམ། ཡང་རེ་བས་ཕོངས་ན། བྱས་ཙང་རེ་བ་མ་བཅོལ།



བརྗོད་གཞི་གཞན་ཁག་ལ་གཟིགས།