རྒྱལ་སྤྱི་ལུས་རྩལ་འགྲན་ཚོགས་ཀྱི་འགན་འཛིན་ཟུར་པ་འདས་གྲོངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༤ཉིན། བདུན་ཕྲག་འདིའི་རེས་གཟའ་ལྷག་པ་ཉིན་རྒྱལ་སྤྱིའི་ལུས་རྩལ་༼ཨོ་རྩལ་༽རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་སཱ་མ་རན་ཆི་མཆོག སིན་པན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་རྒྱལ་ས་ཝ་སི་ལོ་ཎའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག

དགུང་ལོ་གྱ་དགུ་ལ་སོན་པའི་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གི་སྲིད་འཛིན་ཟུར་པ་སཱ་མཱ་རན་ཆི་ཟླ་འདིའི་ཚེས་ཉི་ཤུ་ཉིན་གྱི་ཉིན་གུང་སྙིང་ནད་བྱུང་ནས་སི་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཝ་སེ་ལོ་ཎའི་སྨན་ཁང་ཞིག་ཏུ་ཕྱིན། སྨན་ཁང་གི་འགན་འཛིན་གྱིས་ཁོང་ཉིད་སྙིང་གིས་ཁྲག་འདོན་ཚུལ་མི་འདང་པས་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་ཚུལ་འགྲེལ་བརྗོད་བྱས། དེའི་ཕྱི་ཉིན་ཕྱི་ཚེས་༢༡ཉིན་ཁོ་རང་སྨན་ཁང་ནས་སྐུ་གཤེགས་པ་ཡོད་པ་རེད།

ཁོ་ནི་ཕྱི་ལོ་༡༩༢༠ལོའི་ཟླ་༦པའི་ཚེས་༡༧ཉིན་སི་པན་གྱི་གྲོང་ཁྱེར་ཝ་སི་ལོ་ནར་སྐྱེས། འདི་ལོ་ཕྱི་ལོ་༢༠༡༠ཟླ་༤པའི་ཚེས་༢༡ཉིན་དགུང་ལོ་༨༩ཐོག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ཕྱི་ལོ་༡༩༦༧ལོར་ཁོང་ཉིད་སི་པན་རྒྱལ་ཡོངས་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་དང༌། རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གི་ཚོགས་མི། ཕྱི་ལོ་༡༩༧༤ནས་༡༩༧༨བར་ལོ་༤རིང་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པའི་ལས་འཁུར་ཞུས།

ཕྱི་ལོ་༡༩༨༠ལོར་ཕྱི་ཟླ་༧པའི་ཚེས་༡༥ནས་༡༨བར་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ་རྒྱལ་སྤྱིའི་རྩེད་འགྲན་ལྷན་ཚོགས་ཚོགས་དུས་༨༣པའི་ཐོག ཁོང་ཉིད་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོར་བདམས་ཐོན་བྱུང་ནས་ཕྱི་ལོ་༢༠༠༡བར་ལོ་ངོ་༢༡རིང་ཚོགས་གཙོའི་ལས་འགན་ཁུར་ཡོད་པ་རེད། ཁོང་ནི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གཙོ་ཨང་༧པ་དང༌། ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གཙོ་དུས་ཡུན་རིང་ཤོས་ཞིག་ཆགས་ཀྱི་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།