དགོངས་ཚུལ།

འཛམ་གླིང་ཐོག་དགའ་མོས་ཆེས་ཆེ་ཤོས་ཀྱི་དབུ་ཁྲིད་རྣམ་གཉིས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༣ཉིན། འཛམ་གླིང་ཐོག་དགའ་མོས་ཆེས་ཆེ་ཤོས་ཀྱི་དབུ་ཁྲིད་ཀྱི་བསམ་ཤོག་དེ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ྋགོང་ས་ཏཱ་ལའི་བླ་མ་མཆོག་རྣམ་གཉིས་ལ་ཐོབ་ཡོད་འདུག

དེ་ཡང་ཐེངས་འདིའི་དྲ་ཐོག་བསམ་ཤོག་བསྡུ་རུབ་ཀྱི་ལས་འགུལ་དེ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་ཐད་ཆེད་དོན་ལས་རིགས་སྐྱོང་བཞིན་པའི་ཨ་རིའི་ཚོང་ར་ཞིབ་འཇུག་ལས་ཁུངས་ཧེ་རིས་སུ་ཞེས་པས་དབྱིན་ཇི་དང༌། ཕི་རན་སི། འཇར་མན། ཨི་ཊ་ལི། སུ་ཕེན། ཨ་རི་སོགས་རྒྱལ་ཁབ་དྲུག་གི་ནང་ད་ལོའི་ཕྱི་ཟླ་༣་པའི་ཚེས་༣༡ཉིན་ནས་ཕྱི་ཟླ་༤པའི་ཚེས་༡༢་བར་སྤེལ་འདུག་ལ། ལོ་ན་༡༦ཡན་དང་༦༤མན་གྱི་མི་གྲངས་༦.༡༣༥ལྷག་གིས་ལས་འགུལ་ནང་ཆ་ཤས་བླངས་འདུག་པ་དང༌། བསམ་ཤོག་དེ་ནི་ཕི་རན་སི་༢༤བརྙན་འཕྲིན་ཁང་དང་ཕི་རན་སི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ཆེད་བསྒྲིགས་ལེ་ཚན་ཞིག་ལ་ཆེད་དམིགས་ཀྱིས་མཁོ་སྒྲུབ་བྱས་པ་ཞིག་རེད་འདུག

ཐེངས་འདིའི་དྲ་ཐོག་བསམ་ཤོག་བསྡུ་རུབ་ལས་འགུལ་ཁྲོད་སྲིད་འཛིན་ཨོ་བྷ་མ་མཆོག་ལ་རྒྱབ་སྐྱོར་བསམ་ཤོག་བརྒྱ་ཆ་༧༧ཐོབ་སྟེ། འཛམ་གླིང་ཐོག་གི་དགའ་མོས་ཆེ་ཤོས་ཀྱི་དབུ་ཁྲིད་ཨང་དང་པོ་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་བརྒྱ་ཆ་༧༥ཐོབ་སྟེ་ཨང་གཉིས་པ། ཨ་རིའི་ཕྱི་སྲིད་བློན་ཆེན་ལྕམ་ཧེ་ལི་རེས་ཁི་ལུན་ཊོན་མཆོག་ལ་བརྒྱ་ཆ་༦༢ཐོབ་སྟེ་ཨང་གསུམ་པ། འཇར་མན་གྱི་སྲིད་བློན་ཨན་ཇི་ལའ་མའེ་ཁེལ་མཆོག་ལ་བརྒྱ་ཆ་༥༤ཐོབ་སྟེ་ཨང་བཞི་བ། དེ་བཞིན་ཕི་རན་སིའི་སྲིད་འཛིན་ནའེ་ཁའོ་ལ་སི་སའ་ཁའོ་ཛེས་མཆོག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷེན་ཁེས་མོན་མཆོག་གཉིས་ལ་བརྒྱ་ཆ་༣༧ཐོབ་སྟེ་ཨང་ལྔ་བ་ཆགས་ཡོད་འདུག

གཞན་ཡང་བསམ་ཤོག་བསྡུ་རུབ་བྱས་པ་བརྒྱུད་རྒྱུས་ལོན་བྱུང་བ་ལྟར་ན། འཛམ་གླིང་ཐོག་དགའ་མོས་ཆེས་མི་ཆེ་བའི་དབུ་ཁྲིད་དེ་ཨི་རན་གྱི་སྲིད་འཛིན་མའ་ཧ་མའོ་ཌི་ཨ་མ་ཌིས་ན་ཇ་ཌི་དང༌། ལིས་བྷིན་ཡའི་སྲིད་འཛིན་མའོ་མུར་ཁའ་དྷ་ཧྥི། རྒྱ་ནག་གི་སྲིད་འཛིན་ཧའོ་ཅིན་ཐའོ་སོགས་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།