དགོངས་ཚུལ།

ཟླ་རྗེས་མར་ཨ་རྒྱ་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གླེང་རྒྱུ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༣ཉིན། ཟླ་བ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིན་ཁྲོན་དུ་རྒྱ་ནག་དང་ཨ་རི་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་བྱ་རྒྱུ་ཡིན་པ་རེད་ཅེས། ཁ་སང་རེས་གཟའ་ཕུར་བུ་ཉིན་ཨ་རིའི་རྒྱལ་ཁབ་ལས་དོན་ལྷན་ཁང་གིས་གསལ་བསྒྲགས་བྱས་འདུག

གྲོས་མོལ་དེ་ནི་འདི་ལོ་ཕྱི་ཟླ་༥པའི་ཚེས་༡༣ནས་༡༤བར་ཉིན་གཉིས་རིང་འཚོགས་རྒྱུ་ཡིན་འདུག་ལ། སྐབས་དེར་ཆོས་དད་རང་མོས་ཐེ་བའི་དྲ་རྒྱའི་ཁྲིམས་དང་སྒྲིག་གཞིའི་གནད་དོན་ཐོག་ལ་སྐད་ཆ་བྱ་རྒྱུ་ཡིན་པ་རེད་ཅེས་ཨ་རིའི་རྒྱལ་ཁབ་ལས་དོན་ལྷན་ཁང་གི་འགྲིན་ཚབ་པ་ཕི་ལིད་ཕི་ལགས་ཀྱིས་གསར་ལམ་ཐོག་འགྲེལ་བརྗོད་ཐུང་ཐུང་ཞིག་བྱས་ཡོད་པ་རེད།

སྐབས་དེར་གྲོས་མོལ་གནང་མཁན་ནི་ཨ་རིའི་མང་གཙོ་དང༌། ངལ་རྩོལ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེའི་ལས་རོགས་སྐུ་ཞབས་མིད་ཁེ་པོ་སི་ནར་ལགས་དང༌། རྒྱ་ནག་གི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཕྱི་སྲིད་ལྷན་ཁང་གི་འགན་འཛིན་ཁྲན་ཞུན་རྣམ་གཉིས་ཡིན་འདུག

སྤྱིར་གྲོས་མོལ་དེ་འདི་ལོ་སྤྱི་ཟླ་༢པའི་ནང་གནང་འཆར་ཡོད་ནའང༌། སྲིད་འཛིན་ཨོ་བྷ་མས་སྐབས་དེར་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཐག་གཅོད་དང༌། ཨ་རིས་ཐའེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བྱས་པ་དེས། ཨ་རྒྱ་རྒྱལ་ཁབ་གཉིས་དབར་གནས་ཚུལ་ཛ་དྲགས་ཏུ་འགྱུར་ནས་རེ་ཞིག་ཕར་འགྱང་བྱས་པ་ཞིག་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།