ཁེ་ན་ཌའི་སེམས་གསོའི་འཚམས་འདྲི་བྱ་ཡུལ་ནོར་འདུག་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༤ཚེས་༢༢ཉིན། ཁེ་ན་ཌའི་བོད་རིགས་མཐུན་ཚོགས་ཀྱིས་ཁེ་ན་ཌ་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་དང་གཞིས་ལུས་བོད་རིགས་མང་ཚོགས་ལ་ཡུལ་ཤུལ་ས་ཡོམ་ཁྲོད་མི་གྲངས་སྟོང་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་པ་དང༌། རྒྱུ་དངོས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་སེམས་གསོའི་འཚམས་འདྲི་བྱེད་དགོས་པའི་རེ་སྐུལ་བྱེད་ཀྱིན་ཡོད་འདུག

དེ་ཡང་མདུན་ཕྲག་སྔོན་མའི་ནང༌། ཁེ་ན་ཌའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཐེངས་འདིའི་ས་ཡོམ་གོད་ཆགས་ཐད་ལ་གསལ་ཁྱབ་ཅིག་སྤེལ་འདུག་ལ། གསལ་ཁྱབ་ནང་རྒྱ་ནག་མི་དམངས་ལ་སེམས་གསོའི་འཚམས་འདྲི་བྱས་འདུག་པ་ལས། ས་ཡོམ་བརྒྱུགས་ས་དེ་བོད་ནང་ཡིན་པར་ངོས་འཛིན་ཅི་གང་ཡང་བྱས་ཡོད་མི་འདུག

ཡུལ་ཤུལ་ས་ཁུལ་དུ་ཚད་རིམ་༦.༩ཅན་གྱི་ས་ཡོམ་དྲག་པོ་བརྒྱུགས་རྗེས་ཀྱི་ཕྱི་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སིས་པེ་ལོ་སིས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚབ་བྱས་ཏེ་ས་ཡོམ་གྱི་གོད་ཆགས་ཕོགས་མཁན་རྣམས་ལ། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་སེམས་པ་དང་སྨོན་ལམ་དེ་བོད་རྒྱ་མི་མང་དང༌། དེ་བཞིན་ས་ཡོམ་ཁྲོད་གཅེས་སྲོག་ཤོར་མཁན་དག་དང་ལྷན་དུ་ཡོད། ཅེས་སེམས་གསོའི་འཚམས་འདྲི་གནང་འདུག

ཟླ་འདིའི་ཚེས་༡༩ཉིན། ཁེ་ན་ཌའི་བོད་རིགས་མཐུན་ཚོགས་ཀྱིས་རྒྱལ་ཁབ་དེ་གའི་ཕྱི་སྲིད་བློན་ཆེན་ལའོ་རའན་སི་ཁའེ་ནོན་ལགས་ཀྱི་མཚན་ཐོགས་སུ་འབོད་སྐུལ་ཞུ་ཡིག་ཅིག་བསྐུར་ཏེ། ཁེ་ན་ཌའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཡུལ་ཤུལ་ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་མཁན་རྣམས་ལ་མྱ་ངན་ཞུ་བའི་ཚེས་༢༡ཉིན་གྱི་གོ་སྐབས་དམ་འཛིན་སྒོས་བོད་ནང་གི་ས་ཡོམ་གྱི་གནོད་འཚེ་ཕོགས་མི་རྣམས་ལ་སེམས་གསོའི་འཚམས་འདྲི་གནང་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ཁེ་ན་ཌའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཌིར་མའོ་ཌི་ཊི་ཝེ་སི་ལགས་ཀྱིས་བརྗོད་དོན། བོད་ནང་དུ་ས་ཡོམ་གྱི་གོད་ཆགས་བྱུང་ནས་བོད་མི་མང་ལ་གནོད་སྐྱོན་ཚབས་ཆེན་སྤྲད་པ་རེད། འདི་གར་གནས་སྡོད་བྱས་པའི་བོད་རིགས་གང་མང་ཞིག་གི་གཉེན་ཉེ་རིང་དང་གྲོགས་སྤུན་མཆེད་མང་པོ་ཞིག་ཀྱང་ས་ཡོམ་གནོད་སྐྱོན་ཕོགས་མཁན་གྱི་གྲས་སུ་ཚུད་ཡོད་འདུག ཁོང་ཚོར་ཡང་གནོད་ཐེབས་བོད་རིགས་གཞན་དག་ཚོ་དང་གཅིག་མཚུངས་ཀྱི་སྡུག་བསྔལ་ཞིག་སྐྱེས་ཀྱིན་འདུག ཅེས་བརྗོད་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།