ྋགོང་ས་མཆོག་ལ་མཇལ་འཕྲད་ཞུས་པ་དེ་ངོས་ཀྱི་འོས་འགན་རེད།

 པར་འདེབས།

06december200812ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༠༩ཉིན་སྤེལ། བོད་ཀྱི་ཆོས་སྲིད་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་སྙན་གྲགས་ཅན་གྱི་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་དུས་ཕེ་རན་སིའི་སྲིད་འཛིན་གྱི་མཚན་གནས་ཐོག་ནས་མཇལ་འཕྲད་གནང་རྒྱུ་དེ་སྲིད་འཛིན་རང་ཉིད་ལ་ཐུགས་འགན་ཆེན་པོ་ཡོད་པའི་སྐོར་སྲིད་འཛིན་ནི་ཀོ་སར་ཀོ་ཟི་མཆོག་གིས་གསུངས་ཡོད་པ་རེད།

06december200812ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༠༩ཉིན་སྤེལ། བོད་ཀྱི་ཆོས་སྲིད་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་སྙན་གྲགས་ཅན་གྱི་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་དུས་ཕེ་རན་སིའི་སྲིད་འཛིན་གྱི་མཚན་གནས་ཐོག་ནས་མཇལ་འཕྲད་གནང་རྒྱུ་དེ་སྲིད་འཛིན་རང་ཉིད་ལ་ཐུགས་འགན་ཆེན་པོ་ཡོད་པའི་སྐོར་སྲིད་འཛིན་ནི་ཀོ་སར་ཀོ་ཟི་མཆོག་གིས་གསུངས་ཡོད་པ་རེད།

རྒྱ་ནག་གི་དཕོན་རིགས་ཚོས་ཐབས་ཤེས་འདྲ་མིན་བརྒྱུདཕི་རན་སིའི་སྲིད་འཛིན་སར་ཀོ་ཟི་མཆོག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱི་མཛད་འཆར་ཐོག་དོ་ཕོག་གཏང་རྒྱུའི་ཐབས་བརྒྱུ་བྱུས་སྟོང་གིས་འབད་བརྩོན་བྱས་ཡོད་ཀྱང༌། དབུ་ཁྲིད་རྣམ་གཉིས་ཀྱི་འཆར་གཞི་ཡོད་པ་ལྟར་ཟླ་འདིའི་ཚེས་༦ཉིན་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཟི་མཆོག་གིས་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་མཇལ་འཕྲད་ཀྱིས་གུས་བཀུར་དང་བློ་སྟོབས་ཆེན་པོས་བོད་དོན་དང་འབྲེལ་བའི་གྲོས་མོལ་གནང་ཡོད་ཅིང༌། ཕེ་རན་སིའི་སྲིད་འཛིན་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲག་གནང་ནས་ལོ་ངོ་༦༠འཁོར་བའི་དུས་ཚིགས་ཀྱི་གསུང་བཤད་གནང་ཡོད་པ་དང༌། དུས་ཚིགས་ཁྱད་པར་ཅན་དེར་ཁོང་གིས་གསུང་བཤད་གནང་དོན། ངོས་ཕི་རན་སི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་མི་རིགས་ཀྱི་འབྱུང་ཁུང་དང་སོ་སོའི་ཆོས་ཕྱོགས་གྲུབ་མཐའ། ཐོབ་ཐང་སོགས་གཞིར་བཟུང་གིས་རྩ་དོན་དེ་དག་འཐབ་རྩོད་གནང་གི་ཡོད། འོན་ཀྱང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་མཇལ་འཕྲད་གནང་རྒྱུ་དེ་ངོས་ཀྱི་འོས་འགན་ཞིག་ཡིན་ཞེས་བཀའ་གནང་བ་དང༌། ཁོང་གིས་མུ་མཐུད་གསུངས་དོན། གལ་ཏེ་ཕི་རན་སིའི་ཕྱོགས་ནས་འདི་འདྲའི་གཟེངས་སུ་ཐོན་པའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ལ་ཆེས་མཐོང་གི་ས་མིག་ཅིག་མ་ཕུལ་ཚེ། ཕི་རན་སི་རྒྱལ་ཁབ་ཀྱི་ངོས་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་ལོ་རྒྱུས་ལ་དྲང་པོ་མ་གནང་བ་ལོ་རྒྱུས་ཐོག་འཁོད་སྲིད་པ་ཞིག་རེད་ཅེས་གསུངསགནང་ཡོད་པ་རེད།

རྒྱ་ནག་གི་ངོས་ནས་འཛམ་གླིང་ལོ་རྒྱུས་བལྟ་རྒྱུ་ཕར་བཞག་ངོ་ཚ་ཁྲལ་མེད་ཀྱི་སྒོ་ནས་ཕི་རན་སི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་དང༌། ལྷག་དོན་དུ་རྒྱ་ནག་ནང་ཕི་རན་སིའི་དངོས་ཟོག་འགོག་རྒོལ་ཆེད་རྒྱ་ནག་མི་མང་བེད་སྤྱད་དེ་ཕྱོགས་གང་ས་ནས་ངོ་རྒོལ་གྱི་ལས་འགུལ་ཡོང་ཐབས་ཀུན་སློང་བྱས་པ༌། གནད་དོན་དེས་ཕྱོགས་གཉིས་པོའི་དཕལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཡོང་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་པ་མ་ཟད། པེ་ཅིང་དུ་ཡོད་པའི་ཕི་རན་སིའི་གཞུང་ཚབ་ཆེན་པོ་ཡང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་དུ་བསྐོང་ནས་ཕི་རན་སིའི་སྲིད་འཛིན་མཆོག་གིས་ྋགོང་ས་མཆོག་དང་མཇལ་ འཕྲད་གནང་རྒྱུར་ངོ་རྒོལ་ཡོད་ཚུལ་བརྗོད་དེ་སླར་ཡང་ངོ་ཚ་ཁྲལ་མེད་ཀྱིས་རྒྱ་བོད་ཀྱི་ལོ་རྒྱུས་ཨུ་ཚུགས་ཀྱིས་འཁྱོག་བཤད་དང་རང་ཉིད་ཀྱི་མདུན་ལམ་མེད་པའི་ཆབ་སྲིད་ཀྱི་དབང་ཆ་ཡོ་རོབ་དུ་ཇི་ཙམ་ཡོད་མེད་མ་ཤེས་པར་འཁྲབ་ཚན་སྣ་ཚོགས་ཤིག་མངོན་དུ་གྱུར་ཏེ་འཛམ་གླིང་མི་མང་ཕྲེད་དགོད་ཤོར་དགོས་པ་ཞིག་བཟོས་ཡོད་པ་རེད། སྙིང་རྗེའི་རང་གཟུགས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་མཉམ་དུ་འབྲེལ་བ་ཡག་པོ་གནང་དགོས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནད་དོན་ཐོག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་ཇར་མ་ནིའི་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་དཔེར་མཚོན་དུ་བཀོད་དེ་ཁོང་གིས་གནང་བ་ལྟར་ལངས་ཕྱོགས་བརྟན་པོ་འཛིན་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

༢༠༠༨ ཟླ་ ༡༢ ཚེས་ ༥ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་པོ་ལན་ཌི་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེག་ཝ་ལེན་ཛ་ལ་མཆོག་ལ་འཛམ་གླིང་སྟེང་སྙན་གྲགས་ཤིན་ཏུ་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་གདན་ཞུ་ཕུལ་བ་ལྟར་ཡུལ་དེར་ྋཞབས་སོར་འཁོད་དེ་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་ཡོད་པ་དང༌།བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཡོ་རོབ་མཉམ་འབྲེལ་དབང་དུ་སྒྱུར་བཞིན་པའི་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཟི་མཆོག་དབར་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་ལ་ཁོང་ཁྲོ་ཆེན་པོ་ལངས་ཚུལ་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་རེད། དེའི་སྐོར་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བས་གཡོ་དང་བཅས་སྤེལ་བ་གཤམ་དུ་བཀོད་ཡོད།

༄༅།། ཕྱི་འབྲེལ་པུའུས་སར་ཁོ་ཆི་ཡིས་ཏཱ་ལར་འཕྲད་འབྲས་གང་ཡོད་ཧྥ་ཕྱོགས་ཀྱིས་འཁུར་དགོས་ཚུལ་བཤད་པ།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧེ་ཡ་ཧྥེ་ཡིས་ཚེས་༧ཉིན་ཧྥ་རན་སིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་སུའུ་ཧེ་དང་མཇལ་འཕྲད་གནང་ཞིང༌། ཧྥ་རན་སིའི་སྲིད་འཛིན་སར་ཁེ་ཆི་ཡིས་ཉེ་སྔོན་ཕོ་ལན་དུ་ཏཱ་ལ་དང་མཇལ་འཕྲད་བྱས་པའི་སྐོར་ལ་གླེང་མོལ་གཟབ་ནན་བྱས་པ་རེད།

ཧེ་ཡ་ཧྥེ་ཡིས་འདི་སྐད། ཟླ་༡༢བའི་ཚེས་༦ཉིན། སྲིད་འཛིན་སར་ཁོ་ཆི་ཡིས་ཀྲུང་གོས་དགག་པ་དྲག་པོ་བརྒྱབ་པར་མ་འཛེམ་པར་ཨུ་ཚུགས་ཀྱིས་ཧྥ་རན་སིའི་སྲིད་འཛིན་དང་ཡོ་རོབ་མནའ་འབྲེལ་གྱི་རེས་བསྐོས་དབུ་འཛིན་གྱི་མིང་གཉིས་ཀྱི་ཐོག་ནས་ཏཱ་དང་མཇལ་འཕྲད་བྱས་ཤིང༌། ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱས་ནས། ཀྲུང་ཕྱོགས་ཀྱི་ཁེ་ཕན་ཆེན་པོ་ལ་གནོད་པ་བཟོས་པ་དང༌། ཀྲུང་གོའི་མི་དམངས་ཀྱི་སེམས་ལ་གནོད་པ་ཆེན་པོ་བཟོས་པ། ཀྲུང་གོ་དང་ཧྥ་རན་སི། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརླགས་པར་བརྟེན། ཀྲུང་གོའི་སྲིད་གཞུང་གིས་དེར་ངོ་རྒོལ་དྲག་པོ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

སྲིད་འཛིན་སར་ཁོ་ཆི་ཡིས་བཤད་པའི་མཇལ་འཕྲད་བྱེད་པ་དེ་ཡོ་རོབ་མནའ་འབྲེལ་གྱི་རེས་བསྐོས་དབུ་འཛིན་གྱི་འགན་ཁུར་ཡིན་ཞེས་དང༌། མཇལ་འཕྲད་བྱེད་སར་ཡོ་རོབ་མནའ་འབྲེལ་གྱི་དར་ཆ་ཕྱར་བ་དེ་གཉིས་ནི་ཧྥ་རན་སིའི་ནོར་འཁྲུལ་གྱི་བྱེད་ཐབས་དེ་ཡོ་རོབ་མནའ་འབྲེལ་ལ་བཙན་དཀྲི་བྱས་པ་ཡིན་ལ། སྔར་མེད་པའི་སྲོལ་ངན་བཏོད་པ་རེད། གོང་སྨྲས་ཀྱི་ནོར་འཁྲུལ་གྱི་བྱེད་ཐབས་ཀྱིས་ཀྲུང་ཧྥའི་ཕྱི་འབྲེལ་བཙུགས་ནས་ལོ་༤༥ལོན་པའི་ཚུན་གྱི་ཐོབ་དཀའ་བའི་ཡིད་རྟོན་དང་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བར་གཏོར་བརླགས་བྱས་ཤིང༌། མཇུག་འབྲས་ཚབས་ཆེན་དེ་ཚང་མ་ཧྥ་རན་སིའི་ཕྱོགས་ཀྱིས་འགན་འཁུར་དགོས་ཞེས་བཤད་པ་རེད།

ང་ཚོས་ཧྥ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང༌། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས། ཀྲུང་ཕྱོགས་ཀྱི་ལངས་ཕྱོགས་དང་སེམས་ཁུར་བྱེད་བཞིན་པ་ལ་གཙིགས་མཐོང་དངོས་སུ་བྱས་ཏེ། སྲིད་འཛིན་སར་ཁོ་ཆི་ཡིས་ཏཱ་ལ་དང་མཇལ་འཕྲད་བྱས་པས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་གཏོར་བརླགས་ཚབས་ཆེན་ཐེབས་པར་ངོས་ཟིན་གང་ལེགས་ཡོང་རྒྱུ་དང༌། བོད་དང་འབྲེལ་བའི་གནད་དོན་ཐད་དུ་བྱ་སྤྱོད་དངོས་ལ་བརྟེན་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད། ཅེས་འཁོད་ཁུལ་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (2)
2 ༡༢༢༠༠༩༡༧༢༣
ལི་ལྗོངས་ཀྱི་གངས་ཕྲུག
དེ་དངོས་གནས་དཔའ་རྒོད་གི་སྐད་ཆ་རེ་ལོ།
སྲིད་འཛིན་སར་ཀོ་ཟི་མཆོག་གིས་ཐེངས་འདིར་འཇོན་མདོག་བྱས་སོང་དེ། དེ་ཡོ་རོབ་མི་མང་གི་དགོས་འདུན་དང་བོད་ལ་སྤྲད་པའི་དྲང་བདེན་ལག་རྟགས་རེད། འོན་ཀྱང་ཁོ་པའི་གཏམ་བཤད་ལ་བལྟས་ན་དངོས་གནས་བོད་དོན་ལ་ཤ་ཚགའདུག



བརྗོད་གཞི་གཞན་ཁག་ལ་གཟིགས།