བོད་དུ་མུ་མཐུད་དྲག་གནོན་ཡོད་ལུཌ་ྋགོང་ས་མཆོག་གིས་བཀའ་ཕེབས་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

08december20083ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༠༩ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལན་ཌིའི་ཡུལ་གྱི་གཙུག་ལག་མཐོ་སློབ་རྙིང་ཤོས་ཧེ་གྷིལ་ལོ་ནི་ཡེན་ཞེས་པས་སློབ་དཔོན་གྱི་་མཚན་གནས་ཡོད་པའི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་ཡོད་ཅིང༌། སྐབས་དེར་པོ་ལན་ཌི་ཡུལ་གྱི་ཕྱི་ལོ་༡༩༨༠ནང་གི་དམར་པོའི་གཞུང་ཕྱོགས་ལ་ཐབས་རྩོད་ཀྱི་ལས་འགུལ་དེར་ཡིད་སྨོན་ཡོད་སྐོར་བཀའ་སློབ་ཕེབས་གནང་ཡོད་པ་རེད།

08december20083ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༠༩ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལན་ཌིའི་ཡུལ་གྱི་གཙུག་ལག་མཐོ་སློབ་རྙིང་ཤོས་ཧེ་གྷིལ་ལོ་ནི་ཡེན་ཞེས་པས་སློབ་དཔོན་གྱི་་མཚན་གནས་ཡོད་པའི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་ཡོད་ཅིང༌། སྐབས་དེར་པོ་ལན་ཌི་ཡུལ་གྱི་ཕྱི་ལོ་༡༩༨༠ནང་གི་དམར་པོའི་གཞུང་ཕྱོགས་ལ་ཐབས་རྩོད་ཀྱི་ལས་འགུལ་དེར་ཡིད་སྨོན་ཡོད་སྐོར་བཀའ་སློབ་ཕེབས་གནང་ཡོད་པ་རེད།

ྋགོང་ས་མཆོག་གི་གོང་ཞུས་ཀྱི་བཀའ་མོལ་དེ་འདི་ཟླའི་ཚེས་༨རེས་གཟའ་ཟླ་བ་ཉིན་མགོན་པོ་གང་ཉིད་ལ་པོ་ལན་ཌིའི་ཡུལ་གྱི་གཙུག་ལག་མཐོ་སློབ་རྙིང་ཤོས་ཧེ་གྷིལ་ལོ་ནི་ཡེན་ཞེས་པས་སློབ་དཔོན་གྱི་་མཚན་གནས་ཡོད་པའི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་ཡོད་ཅིང༌། སྐབས་དེར་བཀའ་སློབ་བསྩལ་གནང་དོན། སློབ་དཔོན་གྱི་་མཚན་གནས་ཡོད་པའི་ཕྱག་འཁྱེར་དེ་རྒྱུ་མཚན་གཉིས་ཀྱི་ཐོག་ནས་གུས་བཀུར་འོས་པ་ཞིག་གཟིགས་ཀྱི་ཡོད་སྐོར་གསུངས་པ་དང༌། དེ་ཡང་ཧེ་གྷིལ་ལོ་ནི་ཡེན་ཞེས་པའི་ཆེས་མཐོའི་གཙུག་ལག་མཐོ་སློབ་འདི་ནི་པོ་ལན་ཌི་ཡུལ་གྱི་གཙུག་ལག་མཐོ་སློབ་རྙིང་ཤོས་དེ་ཡིན་པ་གཅིག དེས་ཡུལ་དེའི་མི་མང་རྣམས་ྋགོང་ས་མཆོག་གི་ཐུགས་དགོངས་སུ་དམིགས་བསལ་གྱི་འབྲེལ་བ་ཞིག་བཟོས་གནང་ཡོད་ལུགས་བཀའ་སློབ་ཕེབས་ཡོད་པ་དང༌། ༡༩༨༠ལོར་པོ་ལན་ཌིའི་མི་མང་གི་ངོས་ནས་ཞི་བའི་ཆིག་བསྒྲིལ་ཞེས་པའི་སྒྲིག་འཛུགས་དེའི་འོག་ཡུལ་གྱི་དམར་པོའི་གཞུང་དེ་རྩ་མེད་བཟོས་ཐུབ་གནང་བ་དེར་ཡིད་སྨོན་ཆེན་པོ་བྱུང་ལ། ངོས་ནས་དེ་སྔོན་པོ་ལན་ཌིའི་ཆིག་བསྒྲིལ་སྒྲིག་འཛུགས་ཀྱི་ལས་འགུལ་དེ་དག་གང་འདྲའི་བྱུང་ཡོད་མེད་སྐོར་ཉིན་ལྟར་བྷི་བྷི་སིས་རླུང་འཕྲིན་བརྒྱུད་ནས་ཉན་པ་ཡིན། དང་པོ་ལན་ཌི་ཡུལ་མིའི་སྙིང་སྟོབས་ཅན་དེ་ཚོ་ནས་སློབ་གསོ་ལེན་རྒྱུ་མང་པོ་ཞིག་འདུག་ཅེས་བཀའ་སློབ་ཀྱང་གནང་ཡོད་པ་རེད།

ྋགོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལན་ཌིའི་ཡུལ་ནས་ཡིན་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་དམ་པ་པོབ་རྗོན་པོལ་གཉིས་པ་མཆོག་དང་ཤིན་ཏུ་ནས་ཐུགས་འདྲིས་ཉེ་བ་་བྱུང་ཞིང་ཁོང་ལ་ཡིད་སྨོན་དང་གུས་བཀུར་ཡོད་ཆེན་པོ་ལུགས་ཀྱང་གསངས་ཡོད་གནང་ཡོད་པ་དང༌། ད་དུང་བོད་ནང་འདི་ལོའི་ཟླ་༣པར་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་བོད་མི་ཚོའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེན་བྱས་ནས་བོད་མི་ཚོར་ཚད་ལས་བརྒལ་བའི་སྡུག་བསྔལ་བཟོས་ཡོད་པ་དང༌། སྡུག་བཙུབ་ཅན་གྱི་དྲག་གནོན་དེ་ད་དུང་ཡང་མཇུག་སྒྲིལ་བྱས་མེད་པར་བོད་ནང་མུ་མཐུད་ནས་བོད་མི་འཛིན་བཟུང་བྱེད་བཞིན་ཡོད་པ་དང༌། ད་ལོའི་ཟླ་༣པའི་ནང་བོད་ས་ཡོངས་རྫོགས་སུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་དྲག་གནོན་བྱས་པའི་དོན་རྐྱེན་དེའི་འོག་བཙན་བྱོལ་བོད་གཞུང་གིས་གྲངས་འབོར་ཕྱིར་བསྒྲགས་བྱས་གཞིར་བཟུང་བྱས་ན་ཉུང་ཐར་བོད་མི་༢༠༣ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་སྟོང་ཕྲག་འགའ་ཤས་འཛིན་བཟུང་བྱས་ཡོད་པ་ལུགས་བཀའ་སློབ་ཕེབས་ཡོད་པ་རེད།

སྤྱིར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་པོ་ལན་ཌིའི་ཡུལ་གྱི་སྲིད་འཛིན་ཟུར་པ་ལེ་ཁི་ལྦ་ལེ་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་མི་ལོ་༢༥འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོར་གདན་ཞུ་ཕུལ་བ་བཞིན་ཆིབས་བསྒྱུར་བསྐྱངས་གནང་སྟེ་ད་ལྟ་པོ་ལནཌིའི་ཡུལ་དུ་མཛད་འཕྲིན་ཁག་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།