དགོངས་ཚུལ།

༧གོང་ས་མཆོག་ལྡི་ལིར་ཆིབས་སྒྱུར་བསྐྱངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༦ཉིན། དེ་རིང་ཞོགས་པར༨།༤༠ ཙམ་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡེ་ཤུའི་ཨ་མ་དམ་ལ་ཊེ་རིས་སའི་རྗེས་དྲན་མཛད་སྒོར་ཐོག་ཕེབས་ཡོད་པ་རེད།

སྐབས་དེར་བཞུགས་སྒར་དྷ་རམ་ས་ལ་ནས་གྷ་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་བསྒྱུར་སྐྱོང་སྐབས་བོད་མིས་གཙོས་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་ལམ་གཡས་གཡོན་དུ་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་གཟབ་རྒྱས་ཞུས།

དེ་ཡང་ཐེངས་འདིར་མགོན་པོ་གང་ཉིད་མཆོག་ལ་༼ཨིན་ཌར་གྷན་དྷིའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་༽ནང་ཡེ་ཤུའི་ཨ་མ་དམ་པ་ཊེ་རེ་སའི་དྲན་གསོའི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་གནང་བ་ཞིག་དང་།

མཛད་སྒོ་ཐོག་༧གོང་ས་མཆོག་གིས་༼ཨ་མ་དང་བྱམས་བརྩེ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་གསུང་བཤད་གནང་རྒྱུ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།