ྋགོང་ས་མཆོག་དང་སར་ཀོ་ཟི་མཆོག་དབར་མཇལ་འཕྲད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

07december200821ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢་ཚེས་༨ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་པོ་ལན་ཌིརུ་ཆིབས་བསྒྱུར་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང༌། ཟླ་༡༢ཚེས་༦ཉིན་དེར་ཡུལ་དེའི་སྲིད་བློན་ཟུར་པ་ལེ་ཅི་ཝ་ལི་ས་སོགས་འཛམ་གླིང་གི་ཞི་བདེ་མི་སྣ་དང་ཆེས་མཐོའི་དཔོན་རིགས་ཁག་མང་པོ་ཞིག་དང་མཇལ་འཕྲད་ཡོད་པའི་ཁྲོད་ཕི་རན་སི་སྲིད་འཛིན་ཡང་ཡོད་པ་རེད།

རྒྱ་ནག་གཞུང་གི་གནོན་ཤུགས་དང་དེ་བཞིན་རྒྱ་ནག་དང་ཕི་རན་སིའི་དབར་གྱི་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་འབྲེལ་མཚམས་འཇོག་ཡོང་རྒྱུའི་ཉེན་བརྡ་བཏང་བ་སོགས་ལ་མ་ལྟོས་པར་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སར་ཀོ་ཟི་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཟླ་འདིའི་ཚེས་༦གཟའ་སྤེན་པའི་ཉིན་པོ་ལན་ཌི་ཡི་སྲིད་འཛིན་ཟུར་པ་ལེ་ཅི་ཝ་ལི་ས་མཆོག་གིས་ནོར་བྩེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་༢༥འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོ་སྐབས་སུ་མཇལ་འཕྲད་གནང་ཡོད་པ་དང་ཡོད་པའི་་ཕི་རན་སའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཚེས་༦ཉིནགསལ་བསྒྲགས་གནང་ཡོད་པ་རེད།

ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཕ་རན་སིའི་གཞུང་གི་ལས་དོན་སྤེལ་ཕྱོགས་དང་ཕ་རན་སིའི་དཔོན་རིགས་ཀྱིས་མི་སུ་འདྲ་ཞིག་དང་མཇལ་འཕྲད་གནང་མིན་གྱི་ཐོག་ང་ཚོའི་གྲོགས་པོ་ཡིན་ན་ཡང་བཀོད་པ་གཏང་རྒྱུའི་དབང་ཚད་གང་ཡང་མེད་པ་རེད་ཅེས་གསུངས་ཡོད་པ་དང་དེ་བཞིན་ཚེས་༦གཟའ་སྤེན་པའི་ཉིན་པོ་ལེནཌ་ཡི་སྲིད་བློན་ཌོ་ནལ་ཊ་སག་མཆོག་དང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཡང་མཇལ་འཕྲད་གནང་ཡོད་པ་རེད།

གཞན་ཡང་ཉེ་དུས་ཕི་རན་སི་༢༤རྟགསནཅན་གྱི་གསར་ཁང་གི་གོ་སྒྲིག་འོག་འཛམ་གླིང་དུ་མཚན་སྙན་ཆེ་བའི་དབུ་ཁྲིད་རྣམས་ནས་སྙན་གྲགས་དང་ཤུགས་རྐྱེན་ཐེབས་ཆེ་ཤོས་སུ་དང་སུ་ཡིན་བརྒྱུད་ལམ་འདྲ་མིན་བརྒྱུད་ལྟ་སྐབས་ྋགོང་ས་མཆོག་ཡོ་རོབ་དང་ཨ་རིར་གུས་ཞབས་ཞུ་ཡུལ་གྱི་མཚན་སྙན་ཆེ་ཤོས་ཀྱི་ཨང་དང་པོ་དང་རྗར་མི་ནིའི་སྲིད་བློན་ལྕམ་མེ་ཁེལ་ཨང་གཉིས་པ། དབྱིན་ལན་ཌིའི་སྲིད་བློན་གྷོར་ཌན་བྷུ་རུན་ཨང་གསུམ་པར་སླེབས་ཡོད་པ་རེད།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།