ྋགོང་ས་མཆོག་པོ་ལན་ཌི་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

05december20083

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢་ཚེས་༨ཉིན་སྤེལ། བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཟླ་༡༢ཚེས་༠༥རེས་གཟའ་པ་སངས་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་པོ་ལན་ཌིར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང༌། མགོན་པོ་གང་ཉིད་ནས་ཡུལ་དེར་དུས་ཡུན་ཉིན་གྲངས་༨རིང་ཆོས་སྲིད་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་ཡོད་པའི་ནང་འཛམ་གླིང་གི་ཞི་བདེ་མི་སྣ་ཁག་དང་ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སར་ཁོ་ཟི་མཆོག་དང་མཇལ་འཕྲད་གནང་ཡོད་པར་རྒྱ་ནག་གཞུང་གིས་ཕི་རན་སིའི་སྲིད་འཛིན་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། རིང་མིན་འཚོག་གཏན་ཁེལ་བའི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱང་ཁོང་ཁྲོ་ཆེན་པོས་ཕྱིར་འཐེན་བྱས་ཡོད་པ་རེད།

མ་འོངས་པར་རྒྱ་ནག་དེ་བཞིན་མང་གཙོ་ཅན་དུ་འགྱུར་ཏེ་ཡུལ་དེའི་ནང་ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་ལ་འགྱུར་བ་ཕྱིན་ཏེ་མང་ཚོགས་ལ་སྨྲ་བརྗོད་དང་གསར་འགོད་རང་དབང་སོགས་སླེབས་པའི་ཡོད་པའི་མཚམས་སུ་བོད་ཀྱི་གནད་དོན་དང་འབྲེལ་བའི་དཀའ་རྙོག་དེ་རིགས་ཉིན་ཤས་ནང་སེལ་ཐུབ་པའི་བསམ་ཚུལ་ཞིག་ཡོང་གི་རེད་ཅེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལན་ཌིའི་གྲོང་ཁྱེར་དྷང་སི་ཞེས་པར་གཞོན་ནུའི་གླེང་སྟེགས་ཅེས་པའི་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག་གསུང་བཤད་བསྩལ་གནང་སྐབས་སུ་བཀའ་སློབ་བསྩལ་གནང་ཡོད་པ་རེད།

གཞན་ཡང་གལ་སྲིད་ངོས་རང་ྋགོང་ས་མཆོག་གི་ཕ་ཡུལ་དུ་ཡོད་ན་བོད་མི་ཚོས་བོད་དོན་ཆེད་གང་གནང་ཡོད་པ་ནང་བཞིན་ངོས་ནས་ཀྱང་རང་དབང་རྩོད་ལེན་བྱེད་རྒྱུ་རེད་ཅེས་དང༌། ཡང་གལ་སྲིད་ངོས་ལ་རང་དབང་རྩོད་ལེན་དེའི་ཁྲོད་རྒྱལ་ཁ་ཐོབ་པར་ཐབས་ལམ་ཅི་འདྲ་ཞིག་འཚོལ་གྱི་ཡིན་ཞེས་དྲི་བ་བཏང་ཚེ་ཐབས་ལམ་དེ་ནང་མོལ་གྱི་ཚུལ་དུ་ཞུ་རྒྱུ་ལས་ཡོངས་གྲགས་བཟོ་རྒྱུ་མ་རེད། འོན་ཀྱང་གནས་སྟངས་ཇི་འདྲ་ཞིག་ཡིན་རུང་རེ་བ་མེད་པ་རྩ་བ་ནས་མིན་ལ། སོ་སོའི་སྟོབས་ཤུགས་ངོ་འཕྲོད་པ་བྱས་པའི་ཐོག་ནས་ཐབས་ལམ་རན་པོ་ཞིག་འཚལ་ཐུབ་པ་ཡིན་ན་གྲུབ་འབྲས་ཐོན་རྒྱུ་ཡིན་པ་གདོན་མི་ཟ་བ་ཞིག་ཡིན་པར་བརྟེན་ངོས་ནས་བོད་མི་ཚོར་རང་དབང་ཐོབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཞུགས་མོལ་ཚོགས་འདུ་དེའི་ཐོག་པོ་ལན་ཌིའི་སྲིད་འཛིན་ཟུར་པ་ལེ་ཅི་ཝ་ལི་ས་ཡིས་གསུངས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།