སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

སྐབས་དེར་ངོ་རྒོལ་བ་རྣམས་ཀྱིས་༼འཛམ་གླིང་གི་དབུ་ཁྲིད་ཚོས་ཧུའུ་ཅིན་ཐའོ་ཡིས་གང་བཤད་པ་དེར་དོ་གཟབ་ཆེན་པོ་བྱེད་དགོས་ཀྱི་ཡོད་པ་རེད། ཁོང་ཉིད་ཀྱི་གནད་དོན་མང་པོ་ཞིག་ང་ཚོ་དང་འཛམ་གླིང་གི་དབུ་ཁྲིད་ཚོས་མཁྱེན་གྱི་ཡོད་པ་མ་རེད།༽ཅེས་བརྗོད་ཡོད་འདུག

བོད་མི་ངོ་རྒོལ་བ་མིག་དམར་དབང་རྒྱས་ལགས་ཀྱིས་ཁོང་གིས་༼རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ནི་སྐྱག་རྫུན་ཤོད་མཁན་༽ཞིག་ཡིན་པའི་སྐོར་རྒྱ་ནག་གི་སྲིད་འཛིན་དང་འཛམ་གླིང་གི་དབུ་ཁྲིད་ཚོའི་སྒྲོ་བཏགས་རི་མོ་འདྲ་མིན་བཟོས་པ་ཡིན་ཞེས་འགྲེལ་བརྗོད་གནང་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཉིན་གཉིས་རིང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྣེ་ཁྲིད་འོག རྒྱ་ནག་གི་སྲིད་ཧུའུ་ཅིན་ཐའོ་ཐེ་བའི་ཁྱོན་འཛམ་གླིང་གི་དབུ་ཁྲིད་༤༧ཙམ་རྡུལ་ཕྲན་གནད་དོན་སྐོར་གྲོས་སྡུར་བྱེད་སའི་ཕྱོགས་སུ་ངོ་རྒོལ་བ་རྣམས་ཀྱིས་རྡོ་ཞིག་བཞུས་ཡོད་པའི་རྐྱེན་གྱིས། ཝ་ཤིན་ཊོན་གྱི་ཉེན་རྟོག་པ་དང་དམག་མིས་སྲུང་བྱ་ཉན་པོ་བྱེད་བཞིན་ཡོད་འདུག་པ་དང་། སྐབས་དེར་ཁྱོན་བོད་མི་བརྒྱ་ལྷག་ཙམ་འདུ་འཛོམས་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།