མང་གཙོ་འཐབ་རྩོད་པ་ཧུའུ་ཅཱ་ལ་ནད་དགོངས་མ་སྤྲད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༢ཉིན། བདུན་ཕྲག་གཉིས་སྔོན་དུ་རྒྱ་ནག་གི་མང་གཙོ་འཐབ་རྩོད་པ་ཧུའུ་ཅའི་སྐྱེས་དམན་ཙིན་ཅིན་ཡོན་གྱིས་རང་ཉིད་ཀྱི་ཁྱོ་གའི་ཆེད་ནད་དགོངས་སྙན་ཞུ་ཞིག་ཕུལ་ཡོད་འདུག་ཀྱང་དེར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་རེད།

ཙིན་ཅིན་ཡོན་གྱིས་ད་ལྟ་ངའི་ཁྱོན་གའི་ལུས་པོ་གནས་སྟངས་སྐྱོ་པོར་ཆགས་ཡོད་པར་བརྟེན། ངས་བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་དབང་འཛིན་པ་ཚོར་སྙན་ཞུ་ཞིག་ཕུལ་བ་ཡིན། འོན་ཀྱང་ཁོང་ཚོས་སྐུ་ཞབས་ཧུའུ་ཅཱ་ལ་ཐུགས་འཕྲད་དང་དགོས་མཁོ་གང་ཡང་མེད་སྐོར་འགྲེལ་བརྗོད་བྱས་བྱུང་ཞེས་འགྲེལ་བརྗོད་བྱས་འདུག

ལོ་ན་༣༦ལ་སླེབས་པའི་སྐུ་ཞབས་ཧུའུ་ཅ་ནི། ཕྱི་ལོ་༢༠༠༨ཟླ་༤པའི་ཚེས་༣ཉིན་རྒྱ་ཁབ་ཁ་བྲལ་གཏོང་བའི་ཉེས་འཛུགས་འོག ལོ་༣དང་ཕྱེད་ཀ་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་ཞིག་རེད།

ཙིན་ཅིན་ཡོན་གྱིས་ཁོང་གི་ཁྱོ་ག་ལ་མཚམས་རེ་མཆིན་པའི་ན་ཚ་ཡོད་པ་དང༌། ཉེ་བའི་ཆར་སྨན་ཁང་ཞིག་ཏུ་སྐྲན་ནད་རྟགས་དཔྱད་བྱེད་པར་བཏང་ཡོད་པ་རེད་ཟེར། འོན་ཀྱང་རེས་གཟའ་ཟླ་བ་ཉིན་བཙོན་ཁང་གི་ཉེན་རྟོག་པས་སྐུ་ཞབས་ཧུའུ་ཅཱའི་ཨ་མར་ཁོང་ལ་བརྟག་དཔྱད་བྱས་པར་བརྒྱུད། སྐྲན་ནད་གང་ཡང་མི་འདུག ནད་དགོངས་སྐོར་འགན་ལེན་དེ་འདྲ་གང་ཡང་དགོས་ཀྱི་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

དེ་བཞིན་པེ་ཅིང་ཆེས་མཐོའི་བཙོན་པའི་སྨན་ཁང་ཞིག་གིས་ཁ་པར་ཐོག་ཧུའུ་ཅཱའི་ཨ་མར་ཁོང་ནི་ཕྱིར་བཙོན་ཁང་ནང་བསྐྱལ་ཚར་ཡོད་ལུགས་བརྗོད་ཡོད་པ་རེད་ཅེས། ཙན་ཅིང་ཡོན་གྱིས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་ཏེ་ཁྲུའེ་ཁྲེར་ཐོག་གནས་ཚུལ་བཀོད་ཡོད་པ་རེད།

ཧུའུ་ཅཱའི་ནད་ནི་མཆིན་པའི་ཐོག་སྐྲན་ནད་དམ་སྐྲན་རྡོག་ཞིག་ཡིན་ཡང་ནད་དགོངས་ཀྱི་རེ་སྐུལ་དེར་ངོས་ལེན་མ་ཐོབ་པའི་རྐྱེན་གྱིས་ཁོང་ཉིད་གློད་གྲོལ་འཐོབ་ཡོད་མི་འདུག

ཧུའུ་ཅཱ་ནི་རྒྱ་ནག་གི་འཐབ་རྩོད་པ་མིང་གྲགས་ཆེ་ཤོས་ཤིག་དང༌། ཁོང་ནི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་འགྲེལ་བརྗོད་དང་དར་སྤེལ་གཏོང་མཁན་ཞིག་ཡིན་པས་མ་ཚད། ཁོང་གི་སྐྱེན་དམན་ཡང་ལས་འགུལ་བ་ཞིག་ཡིན་པའི་རྐྱེན་གྱིས་ད་ལྟ་རྒྱ་གཞུང་གི་དོགས་སྲུང་འོག་གནས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།