པོ་ལན་ཌིའི་མི་མང་ལ་ཐུགས་གསོའི་འཚམས་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༢ཉིན། ཟླ་འདིའི་ཚེས་༡༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཉེ་ཆར་ཨུ་རུ་སུའི་ས་མཚམས་སུ་གནམ་གྲུ་བརྡབ་སྐྱོན་ཁྲོད་པོ་ལན་ཌིའི་སྲིད་འཛིན་འདས་གྲོངས་སུ་ཕྱིན་པས་མ་ཚད། གཞན་འགྲུལ་པ་མི་གྲངས་༩༥ཙམ་རྐྱེན་འདས་སུ་ཕྱིན་པ་དེར་དམིགས་བསལ་པོ་ལན་ཌའི་མི་མང་སོགས་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་ཡོད་འདུག

སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་སུད་སི་རུ་ཉིན་༥རིང་གི་མཛད་འཕྲིན་སྐྱོང་བཞིན་པ་དང༌། གློ་བུར་གོད་ཆགས་ཀྱི་གནས་ཚུལ་དེ་ཐོན་རྗེས་གང་ཉིད་ཀྱིས་པོ་ལན་ཌིའི་སྲིད་བློན་ཌོ་ནཱ་ཌིར་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་བའི་ནང༌། ཉེ་ཆར་ཨུ་རུ་སུའི་ས་མཚམས་སུ་པོ་ལན་ཌིའི་སྲིད་འཛིན་མཆོག་དང༌། གཞན་མི་མང་དང་ལས་བྱེད་པ་སོགས་ཁྱོན་མི་གྲངས་༩༥ཙམ་རྐྱེན་འདས་སུ་ཕྱིན་པ་དེར་ངོས་རང་མྱ་ངན་ཆེན་པོ་ཡོད་ཅེས་གསུངས་ཡོད་འདུག

མ་ཚད་༧གོང་ས་མཆོག་གིས་དེ་སྔོན་གང་ཉིད་པོ་ལན་ཌི་རུ་ཕེབས་སྐབས། པོ་ལན་ཌིའི་སྲིད་འཛིན་དམ་པ་མཆོག་དང་མཇལ་འཕྲད་ཀྱིས་ཁོང་ནི་རང་དབང་དང༌། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་པའི་བསྔགས་བརྗོད་དང་བསྔོ་བ་ཡང་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།