བོད་དོན་ནམ་ཡང་ཡལ་མི་སྲིད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༢ཉིན། བཙན་བྱོལ་བོད་གཞུང་གིས་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༠ཉིན་སུད་སིའི་གྲོང་ཁྱེར་རྫུ་རི་ཆིའི་ནང་༧གོང་ས་མཆོག་གིས་བོད་མི་དང་ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་༨༠༠༠ཙན་ལ་བོད་དོན་དང་འབྲེལ་བའི་བཀའ་སློབ་དང་གསུང་བཤད་གནང་འདུག

སྐབས་དེར་གང་ཉིད་ཀྱིས་ང་ཚོ་དང་ཆིག་སྒྲིལ་ནི་བོད་མིའི་གནད་དོན་ཐད་རྒྱ་ནག་ལ་དྲན་སྐུལ་གྱི་ཐབས་ལམ་ཡག་ཤོས་དེ་ཡིན་པ་དང༌། དེ་ལ་ངོས་ནི་ཧ་ཅང་གི་རྗེས་སུ་ཡི་རངས་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་མིའི་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་དེར་གླེང་དགོས་ཀྱི་ཡོད་པ་རེད། བོད་པའི་གནད་དོན་དེ་མ་འོངས་པར་ནང་ཡང་མེད་པ་ཆགས་མི་སྲིད། འོན་ཀྱང་རྒྱ་ནག་གིས་བོད་མི་ཐོག་ལ་གནོན་ཤུགས་དང་དྲག་གནོན་བྱེད་བཞིན་ཡོད་པ་རེད། ངོས་ནི་རྒྱ་ནག་ལས་ཁ་བྲལ་རྒྱུའི་དགོས་འདུན་གང་ཡང་མེད་ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས་འཚེ་བ་མེད་པའི་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོང་གནང་མཁན་ཚོར་དགའ་བསུ་དང༌། དེ་བཞིན་ཁོང་ཚོས་རང་ཉིད་ཀྱི་ཁྱིམ་གཞིས་ནང་ལའང་འཚེ་བ་མེད་པའི་ལས་འགུལ་ལ་དེ་ལས་ཀྱང་ལག་ལེན་བསྟར་དགོས་ཀྱི་ཡོད་པ་རེད།

ཆིག་སྒྲིལ་ནི་བོད་མིའི་འཐབ་རྩོད་ནང་མེད་དུ་མི་རུང་བ་ཞིག་དང༌། འཐབ་རྩོད་ནི་བོད་མི་ཉུང་ཤས་ཤིག་གི་དོན་དུ་མ་ཡིན་པས། དེར་བརྟེན་འཛམ་གླིང་ཁྱོན་དུ་མི་ཚོས་རྒྱབ་སྐྱོར་གནང་བ་ཞིག་རེད་ཅེས་གསུངས་འདུག དེ་རྗེས་རྒྱུན་དུ་གང་ཉིད་ཀྱི་མི་ཚེའི་བྱ་གཞག་གཙོ་བོ་གསུམ་གྱི་ནང་༼འགྲོ་བ་མའི་རིན་ཐང་༽དང་༼ཆོས་ལུགས་འཆམ་མཐུན་༽གཉིས་ཀྱི་སྐོར་བཀའ་སློབ་དང༌། གལ་སྲིད་སུ་ཞིག་གིས་དགོས་འདུན་དེ་གཉིས་ལ་བསམ་ཤེས་དང༌། ལག་ལེན་གོང་མཐོར་གཏོང་བ་ཡིན་ན། མི་དེ་ཏཱ་ལའི་བླ་མའི་གྲོགས་པོ་ཡག་ཤོས་དེ་ཆགས་ཡོད་པ་རེད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།