སེམས་དང་སྲོག་ཅེས་པའི་བགྲོ་གླེང་ཚོཌ་འདུ་ཐེངས་༢༠པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༤ཚེས་༡༠ཉིན། ཉིན་གྲངས་གསུམ་རིང་གི་སེམས་དང་སྲོག་ཅེས་པའི་བགྲོ་གླེང་ཚོགས་འདུ་ཐེངས་ཉི་ཤུ་བ་དེ་སུད་སིའི་གྲོང་ཁྱེར་ཆེ་ཤོས་བཟའོ་རེས་ཁུ་ནང་སྐོང་ཚོགས་གནང་འགོ་ཚུགས་འདུག་ལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཚོགས་ཐོག་ཏུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་འདུག

ཐེངས་འདིའི་སེམས་དང་ཚེ་སྲོག་ཅེས་པའི་ཚན་རིག་དང་ནང་ཆོས་དབར་གྱི་བགྲོ་གླེང་ཚོགས་འདུའི་བརྗོད་གཞི་ནི།  དེང་གི་དཔལ་འབྱོར་ལམ་ལུགས་ཁྲོད་གཞན་ཕན་དང་བྱམས་བརྩེའི་ཉམས་ལེན། ཞེས་པ་རེད་ཅིང༌། འཛམ་གླིང་དཔལ་འབྱོར་དང་ཚོང་ལས་སྡེ་ཚན་གྱི་ཚོགས་མི་དང༌། སེམས་ཁམས་རིག་པ་བ། སྒོམ་སྒྲུབ་ཉམས་ལེན་པ། དེ་བཞིན་མི་རྒྱུད་དཔྱད་ཞིབ་པའི་མཁས་དབང་དང༌། ཀླད་ཁམས་ཚན་རིག་པ་བཅས་ཚོགས་འདུའི་ཐོག་ངོ་ཕེབས་གནང་ཡོད་འདུག

བགྲོ་གླེང་ཚོགས་འདུ་འདི་ནི་ྋགོང་ས་མཆོག་དང༌། ཀླད་ཁམས་རིག་པ་བ་ཕི་རན་སི་སི་ཁའོ། དེ་མིན་ཨ་རིའི་ཚོང་ལས་པ་ཨ་ཌམ་བཅས་ཀྱིས་མཉམ་རུབ་སྒོས་ཕྱི་ལོ་༡༩༨༧ལོར་དབུ་ འཛུགས་གནང་ཞིང༌། ད་ལྟའི་བར་བཞུགས་སྒར་དྷ་རམ་ས་ལར་བགྲོ་གླེང་གོ་བསྡུར་ཐེངས་༡༡དང༌།  ཡོ་རོབ་དང་ཨ་རི་རྒྱལ་ཁབ་སོགས་སུ་ཐེངས་༨ལ་བྱུང་ནས་དེང་གི་ཚན་རིག་དང་གནའ་བའི་ཆོས་ལུགས་སྲོལ་རྒྱུན་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཐུབ་ཡོད་པ་རེད། 

 རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༠༢༠༡༠༡༨༤༥
དེ་ནི་དགའ་འོས་པའི་བྱ་བ་ཞིག་ཡིན་པས་བཀྲ་ཤིས་བདེ་ལེགས་ཡོད་དོ།



བརྗོད་གཞི་གཞན་ཁག་ལ་གཟིགས།