མི་བསད་ཤི་རྨས་ཀྱི་དོན་རྐྱེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༠ཉིན། ཁ་སང་རེས་གཟའ་པ་སངས་ཉིན་རྒྱ་གར་ཉེན་རྟོག་པས་གནས་ཚུལ་འགྲེལ་བརྗོད་བྱས་པར་ལྟར་ན། རྒྱ་གར་ཤར་ཕྱོགས་ཨོ་རི་ས་མངའ་སྡེའི་སན་དྷི་གྷར་རྫོང་དུ་གཉེན་སྒྲིག་རུ་ཁག་ཞིག དོན་སྐྱེལ་རླངས་འཁོར་ཞིག་གི་ནང་ཡོང་སྐབས་གློ་བུར་རྡུང་ཁ་ཐེབས་ཏེ་མི་༨བསད་པས་མ་ཚད། མི་༢༠ཙམ་ལ་རྨས་སྐྱོན་ཚབ་ཆེན་བཏང་ཡོད་འདུག སྤྱིར་རླངས་འཁོར་དེའི་ནང་ཁྱོན་མི་གྲངས་༤༠ཙམ་ཡོད་འདུག

ཡང་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་ནས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ཞོགས་པར་ཨུ་རུ་སུའི་ལྷོ་ནུབ་མཚམས་སུ་ཡོད་པའི་གྲོང་ཁྱེར་སི་མོ་ལིན་ཁི་ནས་འགྲུལ་སྐྱེལ་གནམ་གྲུ་ཞིག་བརྡབ་ཆག་ཤོར་ནས། པོ་ལན་ཌིའི་སྲིད་འཛིན་ལི་ཆི་མཆོག་གིས་གཙོས་པའི་འགྲུལ་པ་༨༧ཙམ་བསད་རྨས་བཏང་ཡོད་འདུག

ཨུ་རུ་སུའི་༢༤ཅན་གྱི་བརྙན་འཕྲིན་ནས་འགྲེལ་བརྗོད་བྱས་པ་ལྟར་ན། མི་གྲངས་༨༧འཛུལ་ཞུགས་བྱས་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཨུ་རུ་སུའི་ལྷོ་ནུབ་མཚམས་སུ་ཡོད་པའི་གྲོང་ཁྱེར་སི་མོ་ལིན་ཁི་ནས་འཕུར་བསྐྱོད་ཀྱིས། སྟོང་རྨིད་༣༠༠ཙམ་གྱི་མཚམས་སུ་སླེབས་སྐབས། མཁའ་དབྱིངས་སྨུག་པས་བཏུམས་པའི་རྐྱེན་གྱིས་ཤིང་སྡོང་གི་རྩེ་མོར་རྡུང་ཁ་ཐེབས་ནས་བརྡབ་ཆག་ཁྲོད་མི་གཅིག་ཀྱང་མ་ལུས་པ་བསད་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག

རླངས་རྫས་འབར་གས་ཀྱི་དོན་རྐྱེན་ཁྲོད་མཐོ་སློབ་དགེ་རྒན་ཞིག་བསྲེགས་པ། དེ་ཡང་ཁ་སང་རེས་གཟའ་པ་སངས་ཉིན་རྒྱ་གར་ཤར་ལྷོ་མཚམས་སུ་ཡོད་པའི་ཨ་སམ་མངའ་སྡེའི་ནང་གཉེན་སྟོན་མཛད་སྒོ་ཞིག་གི་སྐབས། རླངས་རྫས་འབར་གས་བྱས་པའི་རྐྱེན་གྱིས། ཁྱོན་མི་གྲངས་༡༦ཙམ་རྨས་སྐྱོན་བཏང་ཡོད་པས་མ་ཚད། མག་པའི་ཉེ་འབྲེལ་དང་མཐོ་སློབ་ཤིག་གི་དགེ་རྒན་ཡིན་པའི་བུ་མེད་ཅིག་བསད་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།