རི་འཛེཌ་མཁན་གྲཌ་ཅན་ཨེ་ཌི་མན་ཌི་ཧིས་ལེ་རེས་ཀྱི་རུས་ཐལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༠ཉིན། རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་ཐོག་གི་རི་འཛེགས་མཁན་གྲགས་ཅན་ཨེ་ཌི་མན་ཌི་ཧིས་ལེ་རེས་ལགས་ཀྱི་རུས་ཐལ་དེ་རི་བོ་ཇོ་མོ་གླང་མའི་ཡང་རྩེར་གཏོར་རྒྱུའི་ལས་འཆར་ཕྱིར་འཐེན་བྱས་ཡོད་འདུག

དེ་ཡང་ཨེ་ཌི་མན་ཌི་ཧིས་ལེ་རེས་ལགས་ཕྱི་ལོ་༡༩༥༣ལོར་འཛམ་གླིང་སྟེང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་སྒང་དུ་འཛེགས་ཡོད་པ་དང༌། ཕྱི་ལོ་༢༠༠༨ལོར་ཁོང་སྐུ་གཤེགས་རྗེས་ཁོང་གི་རུས་ཐལ་མང་ཆེ་ཤོས་དེ་ནུའུ་ཛི་ལན་ཌའི་ཨོ་ཁའུ་ལན་ཌི་གཙང་འགྲམ་དུ་གཏོར་ཡོད་འདུག་ལ། ལྷག་མ་རྣམས་རི་བོ་ཧི་མ་ལ་ཡའི་རི་འདབས་སུ་འཚོ་སྡོད་བྱས་པའི་ཤར་པའི་མི་སྡེ་ཁག་ལ་ཕུལ་ཡོད་འདུག

ཤར་པ་དེ་རྣམས་ཀྱིས་ཨེ་ཌི་མན་ཌི་ཧིས་ལེ་རེས་ལགས་ཀྱི་རུས་ཐལ་རི་བོ་ཇོ་མོ་གླང་མའི་ཡང་རྩེར་གཏོར་རྩིས་བྱས་འདུག་ཀྱང༌། ནང་བའི་བླ་ཆེན་འགས་དེ་ལྟར་བྱས་ཚེ་བཀྲ་མི་ཤེས་པའི་རླུང་རྟ་སླེབས་ངེས་པའི་བཀའ་གདམ་ཕེབས་སྟབས། ལས་འཆར་དེ་ཕྱིར་འཐེན་བྱས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཨ་པོ་ཤར་པ་གླན་པ་དེ་དགོད་བྲོ་བ་ལ་ཨང་།



བརྗོད་གཞི་གཞན་ཁག་ལ་གཟིགས།