ལོ་ན་༡༩ཅན་གྱི་སློབ་ཕྲུག་བུ་མོ་ཞིག་ལ་བཙན་གཡེམ་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ན། ཕྱི་ལོ་༢༠༡༠ཟླ་༤ཚེས་༩ཉིན། རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཚེས་༧ཉིན་གྱི་དགོང་མོར རྒྱ་གར་གྱི་ནུབ་ཕྱོགས་སུ་ཡོད་པའི་མ་ཧཱ་ར་ཤི་དྷ་ར་མངའ་སྡེའི་ཧྥིན་གྲོང་ཁྱེར་དུ། རྒྱ་གར་གྱི་དམག་མི་གཉིས་ཀྱིས་ལོ་ན་༡༩ཅན་གྱི་སློབ་ཕྲུག་བུ་མོ་ཞིག་ལ་བཙན་གཡེམ་བྱས་ཡོད་འདུག

སློབ་ཕྲུག་བུ་མོ་དེའི་མིང་ལ་ཋན་ནིང་གྷལ་ཟེར་ཞིང༌། གྲོང་ཁྱེར་ཧྥིན་དུ་ཡོད་པའི་མཐོ་རིམ་སློབ་གྲྭ་ཞིག་གི་སློབ་མ་ཡིན་འདུག དམག་མི་དེ་གཉིས་ཀྱི་མིང་ལ་རཱ་ཇི་ཤི་ཀུ་མར་དང་སཱ་མིན་ཌར་ཟེར་གྱི་ཡོད་འདུག

ད་ལྟ་ཁོང་གཉིས་ཀ་ཉེན་རྟོག་ཁང་ཞིག་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང༌། སྨན་པས་བུ་མོ་དེར་བརྟག་དཔྱད་མ་ཚར་བར་ཁོང་གཉིས་ལ་ཁྲིམས་ཆད་མི་གཅོད་པར་སྒུག་རྒྱུ་ཡིན་ཚུལ་ཉེན་རྟོག་པ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།