༧གོང་ས་མཆོག་གི་སྐུ་སྒེར་ཡིག་འཕྲིན་ལ་དྲ་ཐོག་འཇབ་རྒོལ་ཐེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༩ཉིན། ཁ་ན་ཌའི་གྲོང་ཁྱེར་ཆེ་ཤོས་ཊི་རོང་ཌོ་ནང་རྟེན་གཞི་བྱས་པའི་མའང་ཁུ་གོ་ལ་ཧྲིལ་བོའི་ལས་དོན་སློབ་གཉེར་ཁང་གི་ཞིབ་འཇུག་ཚོགས་པ་༼གྲིབ་གཟུགས་དྲ་འབྲེལ༽་ཞེས་པ་ཞིག་གིས་ཉེ་ཆར་སྙན་ཐོ་ཞིག་བཏོན་ཡོད་དོན། རྒྱ་ནག་གི་དྲ་ཐོག་འཇབ་རྒོལ་བས་སྔར་ལོའི་ཕྱི་ཟླ་༡ནས་༡༡བར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་སྒེར་གྱི་ཡིག་འཕྲིན་༡༥༠༠ལྷག་དྲ་ལམ་བརྒྱུད་རྐུ་ཁྱེར་བྱས་ཡོད་འདུག

དྲ་ཐོག་འཇབ་རྒོལ་བས་ྋགོང་ས་མཆོག་གི་སྐུ་སྒེར་གྱི་ཡིག་འཕྲིན་དག་ལ་དྲ་ཐོག་འཇབ་རྒོལ་དང་མྱུལ་ཞིབ་རྐུ་ཁྱེར་བྱས་ཡོད་པ་མ་ཟད། རྒྱ་གར་མངའ་སྡེ་ཁག་ཅིག་གི་བདེ་འཇགས་ཉེན་སྲུང་ཐད་ཀྱི་ཡིག་ཆ་ཁག་དང༌། དམག་དོན་འཆར་འགོད་སྐོར། དེ་བཞིན་རྒྱ་གར་དང་ནུབ་ཨ་ཧྥི་རི་ཀ ཨུ་རུ་སུ། དཀྱིལ་ཤར་ཡུལ་གྲུ་ཁག་བཅས་ཀྱི་ཕྱི་འབྲེལ་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་ལ་དྲ་ཐོག་ནས་འཇབ་རྒོལ་དང་ལྐོག་ལྟ་བྱས་ཡོད་འདུག

དྲ་ཐོག་འཇབ་རྒོལ་བའི་དམིགས་འབེན་གཙོ་བོ་དེ་རྒྱ་གར་གཞུང་རེད་མོད། རྒྱ་གར་གྱི་རྒྱལ་སྲུང་ཞིབ་འཇུག་ལྟེ་གནས་ཁང་དང༌། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱལ་མཚོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ལྷན་ཁང་སོགས་ཀྱིས་གློག་ཀླད་ནང་ཉར་ཚགས་བྱས་པའི་གཞུང་འབྲེལ་ཡིག་ཆ་ཁག་ཅིག་ལངའ་འཇབ་རྒོལ་དང་མྱུལ་ཞིབ་བྱས་ཡོད་འདུག

གཞན་ཡང་སྔར་ལོའི་ལོ་སྟོད་དུ་ཁུངས་སྐྱེལ་ར་སྤྲོད་མ་བྱུང་བའི་གནས་ཚུལ་ཁག་ཅིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་གསལ། རྒྱ་ནག་ནང་རྟེན་གནས་བྱས་པའི་དྲ་འདྲེ་ཞེས་པ་ཞིག་གིས་རྒྱལ་ཁབ༡༠༣ལྷག་ནང་གི་ཕྱི་འབྲེལ་དང་འབྲེལ་བའི་ཡིག་ཆར་དྲ་ཐོག་ནས་ལྐོག་ལྟ་དང་རྐུ་ཁྱེར་བྱས་ཡོད་པ་མ་ཟད། བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་སྒེར་ཡིག་ཚང་གི་གསང་བའི་ཡིག་འབྲེལ་དག་ཀྱང་སྟངས་འཛིན་བྱས་ཡོད་འདུག

ྋགོང་ས་མཆོག་གི་མགྲིན་ཚབ་པ་བསྟན་འཛིན་སྟག་ལྷས། དྲ་ཐོག་འཇབ་རྒོལ་སྐོར་གྱི་གནད་དོན་འདིའི་རིགས་ནི་གསར་བ་གང་ཡང་མིན་པར། སྔར་ལོར་བཙན་བྱོལ་བོད་ཀྱི་དྲ་རྒྱའི་མ་ལག་དང་ཡིག་འབྲེལ་ཁག་ལ་གཞི་རྒྱ་ཆེ་བའི་དྲ་ཐོག་འཇབ་རྒོལ་ཐེབས་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད་འདུག

དྲ་ཐོག་འཇབ་རྒོལ་བ་འདི་དག་རྒྱ་ནག་གི་ཁྲུན་ཏུའུ་གྲོང་ཁྱེར་ནང་གནས་གཞི་བྱས་འདུག་པ་ཞིབ་དཔྱོད་བྱས་པ་བརྒྱུད་དག་འབུད་བྱས་འདུག་ཀྱང༌། མི་སྣ་སུ་སུ་ཡིན་མིན་ད་དུང་བརྩད་གཅོད་དང་ཁུངས་སྐྱེལ་བྱུང་ཡོད་མི་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།