ྋགོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་སུ་གསང་བཤད་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

6ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢་ཚེས་༥ཉིན་སྤེལ། ཟླ་༡༢ཚེས་༣རེས་གཟའ་ལྷག་པའི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་བྷེལ་ཇམ་གྱི་རྒྱལ་ས་བརཱ་སེལས྄་ནང་ཆིབས་བསྒྱུར་བསྐྱངས་ཡོད་ཅིང༌། ཚེས་༤ཉིན་ཡུལ་དེའི་སྲིད་བློན་ཡེ་ཝི་སི་ལེ་ཋར་མེ་མཆོག་དང་མཇལ་མོལ་གནང་ཡོད་པ་མ་ཟད། འཛམ་གླིང་ཁྱོན་དུ་ཆབ་སྲིད་ཀྱི་དབང་ཤུགས་ཆེ་བའི་ཡོ་རོབ་གྲོས་ཚོགས་སུ་གདན་ཞུས་ལྟར་གསུང་བཤད་གནང་ཡོད་པ་རེད།

03december200821ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢་ཚེས་༥ཉིན་སྤེལ། དེ་ཡང་བཙན་བྱོལ་བོད་གཞུང་གི་ལམ་དབུ་མའི་མཛད་བྱུས་ལ་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་བསྐྱོར་ཚོགས་ཆུང་ཐོག་ནས་རྒྱབ་བསྐྱོར་ནན་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། བོད་མིའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་རྒྱུའི་མཛད་འཆར་དང་སྟབས་བསྟུན་སྟེ་ཚེས་གསུམ་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་འཐུས་མི་སུམ་ཅུ་སོ་གཅིག་དང་གཞན་གྲོས་ཚོགས་ཀྱི་སྲི་ཞུ་ལས་བྱེད་༥༠༠ལྷག་ནས་ཟླ་འདིའི་ཚེས་༣ཉིན་ཡོ་རོབ་མཉམ་སྦྲེལ་གྱི་ལྟེ་གནས་བྷི་ར་སེལ་སེ་གྲོང་ཁྱེར་རུ་ཟས་བཅད་སྙུངས་གནས་ཀྱི་ལས་འགུལ་ཁྲོད་ནས་ཀྱང་ྋགོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྲོལ་གཏོད་གནང་བའི་བཙན་བྱོལ་བོད་གཞུང་གི་ལམ་དབུ་མའི་མཛད་བྱུས་ལ་རྒྱབ་བསྐྱོར་ནན་བཤད་གནང་ཡོད་པ་རེད།

ཟས་བཅད་ཀྱི་ལས་འགུལ་དེའི་ཁྲོད་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མེན་གྱིས་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་དང་གྲོས་མོལ་རྒྱུན་འཁྱོངས་གནང་གལ་ཆེ་བའི་སྐོར་གསུངས་པ་དང་ཆབས་ཅིག་ཟླ་འདིའི་ཚེས་༦རེས་གཟའ་སྤེན་པའི་ཉིན་ཕི་རན་སིའི་སྲིད་འཛིན་སར་ཀོ་ཟི་མཆོག་གིས་བོད་མིའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་སྐབས་བོད་ཀྱི་གནད་དོན་ཐད་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ངོས་ནས་ཀྱང་རྒྱ་ནག་གི་གནོན་ཤུགས་ལ་བསྟུན་མཁས་བྱེད་རྒྱུ་མིན་པའི་ལངས་ཕྱོགས་གསལ་སྟོན་གནང་དགོས་གལ་ཆེ་བའི་སྐོར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ནན་བརྗོད་གནང་ཡོད་པ་རེད།

ཡང་གོང་གསལ་གསར་འགོད་ལྷན་ཚོགས་འདིའི་སྐབས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཨི་ལྦ་ལིག་ཊེན་བྷར་གྷར་མཆོག་ནས་འདི་སྔོན་ཕྱི་ཟླ་༨པའི་ནང་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་བསྐོང་འཚོགས་བྱས་པའི་རྗེས་བོད་ཀྱི་གནས་སྟངས་ལ་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པ་དང་ད་ཆ་བོད་ཐོག་རྒྱབ་བསྐྱོར་སྔར་ལས་ལྷག་པ་དགོས་ཀྱི་ཡོད་པའི་སྐོར་དྲན་སྐུལ་ཞུས་ཡོད་འདུག་ལ། ལྷག་པར་དུ་ཡོ་རོབ་གྲོས་ཚོགས་དངོུ་ཡ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལ་སོགས་པའི་འབྲེལ་ཡོད་ལྷན་ཁང་ཁག་ནས་ཀྱང་བོད་ཀྱི་གནད་དོན་ཐད་རྒྱ་ནག་ལ་གཅིག་གྱུར་གྱི་ལངས་་ཕྱོགས་དང་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པའི་སྐོར་ཡང གསལ་སྟོན་གནང་ཡོད་པ་རེད།

གཞན་ཡང་ྋགོང་ས་མཆོག་གིས། རྒྱ་རིགས་མི་མང་ལ་ཡང་སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང༌། ཁྲིམས་ཀྱི་དབང་བསྒྱུར་བཅས་དགོས་ཀྱི་ཡོད་པས། ཡུ་རོབ་མཐུན་ཚོགས་གྱིས་རྒྱ་ནག་མི་མང་གི་ཕུགས་རྒྱང་རིང་བོའི་ཁེ་ཕན་སྲུང་སྐྱོབ་ཆེད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ལངས་ཕྱོགས་བརྟན་པོ་ཞིག་དགོས་ཀྱི་རེད་ཅེས་གསར་ལམ་ཁག་བརྒྱུད་ནས་འབོད་སྐུལ་གནང་ཡོད་ལ། ཉེ་ཆར་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཞུགས་པ་རྣམས་ལ་བཀའ་སློབ་བསྩལ་བ་ལྟར། ཐེངས་འདིར་རྒྱ་རིགས་རྩོམ་པ་པོ་དང་ཤེས་ཡོན་པར་མཇལ་འཕྲད་གནང་རྒྱུའི་ལས་རིམ་འདི་བརྒྱུད་ནས་རྒྱ་རིགས་མི་མང་ལ་འབྲེལ་བ་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་ལུགས་བཀའ་སློབ་ཕེབས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།