གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཐུགས་མཉེས་པོ་གནང་བ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༦ཉིན། ཉེ་ཆར་རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་དྷེ་ར་རྡུན་རྫོང་ཁོངས་སུ་ཡོད་པའི་རིད་ཤིད་ཀི་ཞི་རུ་རྒྱལ་སྤྱིའི་ཆོས་ལུགས་ཀྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང༌། སྐབས་དེར་༧གོང་ས་མཆོག་གིས་སྤྱི་ཚོགས་ལས་དོན་དང་གཞོན་སྐྱེས་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཝིད་ཝི་ཁི་ཨོ་བྷི་རཱ་ལ་ཐུགས་ཧ་ཅང་མཉེས་པོ་གནང་ཡོད་པ་རེད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༦ཉིན། ཉེ་ཆར་རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་དྷེ་ར་རྡུན་རྫོང་ཁོངས་སུ་ཡོད་པའི་རིད་ཤིད་ཀི་ཞི་རུ་རྒྱལ་སྤྱིའི་ཆོས་ལུགས་ཀྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང༌། སྐབས་དེར་༧གོང་ས་མཆོག་གིས་སྤྱི་ཚོགས་ལས་དོན་དང་གཞོན་སྐྱེས་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཝིད་ཝི་ཁི་ཨོ་བྷི་རཱ་ལ་ཐུགས་ཧ་ཅང་མཉེས་པོ་གནང་ཡོད་པ་རེད།

དེ་ཡང་གློག་བརྙན་འཁྲབ་སྟོན་པ་ཝིད་ཝི་ཁི་ཡིས། རྒྱ་གར་གྱི་ཆོས་དཔོན་དང་ཡོ་ག་སོགས་སྒོམ་སྒྲུབ་ཉམས་ལེན་པ་སཱ་ཝ་མིད་ཅང་དཱ་ནཱ་ཌིས་རྒྱུས་སྟོན་དང་གོ་སྒྲིག་འོག ཆོས་ལུགས་དང་ཡིད་ཆེས་འདྲ་མིན་ཐོག་ནས་ཞི་བདེ་དང༌། མཛའ་བརྩེ། མཐུན་འགྲིག་སོགས་གོང་མཐོར་གཏོང་རྒྱུའི་ལྷན་ཚོགས་ཐོག་ཆོས་ལུགས་ཚང་མའི་དབུ་ཁྲིད་གདན་ཞུ་བྱས་ཡོད་པ་དང༌། སྐབས་དེར་ནང་པའི་དབུ་ཁྲིད་ཏཱ་ལའི་བླ་མ་ཡང་མཉམ་ཞུགས་གནང་ཡོད་པ་རེད། གནས་ཚུལ་དེ་ནི་ཕྱི་ཟླ་༤པའི་ཚེས་༣ཉིན་རེད།

ཆོས་དཔོན་སཱ་ཝ་མིད་ཀྱིས་གློག་བརྙན་འཁྲབ་སྟོན་པ་ཝིད་ཝི་ཁི་ལ་༧གོང་ས་མཆོག་ལ་ཞབས་ཕྱི་དང་ཕྱག་རོགས་ཞུ་དུ་བཅུག་ཡོད་པ་རེད། ༼ཏཱ་ལའི་བླ་མ་མཆོག་ལ་དྭངས་གཙང་ལྷད་མེད་ཀྱི་རང་གཤིས་ལྡན་ཞིང་བྱིས་པ་ཆུང་ཆུང་དང་འདྲ་བར་བཞད་མོ་བཞད་ཀྱི་ཡོད། ༽  ཁོང་ཉིད་ཀྱིས་ངོས་ལ་ཐུགས་བརྩེ་བ་ཆེན་པོས་ཁོང་གི་འགྲམ་དུ་སྡོད་གསུངས་བྱུང་ཡང༌། ངོས་ནི་ཁོང་ཉིད་ཀྱི་ཞབས་ཀྱི་འགྲམ་དུ་བསྡད་པ་ཡིན། གང་ཉིད་ཀྱིས་བདག་ལ་དེ་འདྲའི་བྱམས་བརྩེ་དང་བྱིན་རླབས་བསྩལ་དུས་གུས་པར་དད་གུས་ཧ་ཅང་ཆེན་པོ་སྐྱེས་བྱུང༌། མ་ཚད་གང་ཉིད་ཀྱིས་ངའི་དཔྲལ་བར་ཞལ་ཞིག་སྐྱེལ་བྱུང་བས་ངོས་སེམས་ཚོར་ཆེན་པོས་མིག་ནང་མཆི་མ་འཁོར་ཟེར།

དེ་ཡང་གློག་བརྙན་འཁྲབ་སྟོན་པ་ཝིད་ཝི་ཁི་ཡིས་ཧིན་དྷི་ཡིས་སྙན་རྩོམ་ཞིག་ཀློག་འདོན་བྱས་སྐབས། ༧གོང་ས་མཆོག་ཐུགས་ཧ་ཅང་མཉེས་པོ་བྱུང་ཡོད་འདུག ཝིད་ཝི་ཁི་ནི་ཆོས་དཔོན་སཱ་ཝ་མིད་ཀྱིས་སྐབས་དེའི་ལྷན་ཚོགས་ཐོག་གཞོན་སྐྱེས་ཚོའི་སྐུ་ཚབ་ཏུ་འབོད་འགུག་བྱས་པ་ཞིག་ཡིན་འདུག

གློག་བརྙན་འཁྲབ་སྟོན་པ་ཝིད་ཝི་ཁི་ཡིས་སྤྱིར་བདུན་ཕྲག་འདིའི་ནང་༼རྒྱལ་སྲས་༽ཞེས་པའི་ངའི་གློག་བརྙན་དེ་ཁྱབ་བསྒྲགས་བྱེད་དགོས་པའི་བྲེལ་བ་ཧ་ཅང་ཆེ་ཡང༌། དུས་ཚོད་དེ་སྐྱུར་ནས་ཐེངས་འདིར་རླབས་ཆེ་བའི་ལྷན་ཚོགས་དེར་གཞོན་སྐྱེས་རྣམས་ཀྱི་སྐུ་ཚབ་ཏུ་ཚོགས་ཞུགས་བྱས་པ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།