རྒྱ་གར་གྱིས་ཞི་བདེ་དང་ཆོས་ལུཌ་འཆམ་མཐུན་ལ་སྣེ་ཁྲིད་བྱེད་འོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམབྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༥ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཟླ་འདིའི་ཚེས་༣ཉིན་བཞུགས་སྒར་དྷ་ས་ནས་ཆིབས་ཐོན་གྱིས་རྒྱ་གར་བྱང་ཕྱོགས་ཨུ་ཏི་ར་ཁན་ཊི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧིན་རྡུའི་གནས་མཆོག་ཝ་རའུ་ཌི་ཝར་དང༌། རེ་ཤེ་ཀེ་ཤི་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་སྐྱོང་མུས་མཆིས་འདུག

དེ་ཡང་ཧིན་རྡུའི་བླ་ཆེན་ཁག་ཅིག་གིས་ཇི་ལྟར་གདན་འབོད་གནང་བ་ལྟར། མགོན་པོ་གང་ཉིད་ཟླ་འདིའི་ཚེས་༤ཉིན་གྱི་སྔ་དྲོར་རྒྱ་གར་གྱི་རེ་ཤེ་ཀེ་ཤི་གྲོང་ཁྱེར་ནང་ཆུ་བོ་གངྒཱ་གཙང་བཟོའི་མཛད་སྒོ་ཞིག་བསྡུས་ཡོད་པའི་ཐོག་ཞབས་སོར་འཁོད་ཡོད་པ་དང་སྦྲགས། རྒྱ་གར་གྱིས་རང་ཉིད་ཀྱི་གནའ་བའི་འཚེ་མེད་ཞི་བ་དང་ཆོས་ལུགས་འཆམ་མཐུན་གྱི་སྲོལ་རྒྱུན་འོག་རིས་སུ་མ་ཆད་པའི་བཟང་སྤྱོད་དར་སྤེལ་གྱི་སྣེ་ཁྲིད་དེ། འཛམ་གླིང་ཡོངས་ལ་མིག་དཔེ་སྟོན་དགོས་པའི་བཀའ་སློབ་ལམ་སྟོན་བསྩལ་ཡོད་འདུག

རྒྱ་གར་གྱི་བང་ཆེན་གསར་ཁང་གིས་ྋགོང་ས་མཆོག་ལ། རྒྱ་གར་གྱིས་ཇི་ལྟར་དཀའ་ངལ་ལ་གདུང་ལེན་བྱེད་ཕྱོགས་ཐད་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་ཀྱིས། ཁྱེད་ཅག་རང་ཉིད་ཀྱི་རྒྱལ་ཁབ་དང་ཆོས་ཕྱོགས་ཀྱི་ཁྱད་ནོར་དག་ལ་དགའ་སྤོབས་སྐྱེ་འོས། རྒྱ་གར་གྱིས་ངེས་པར་དུ་མུ་མཐུད་ནས་འཚེ་མེད་ཞི་བ་དང་ཆོས་ལུགས་འཆམ་མཐུན་གྱི་ལྟ་གྲུབ་མཐོར་འདེགས་གཏོང་དགོས། ཞེས་དང༌། རྒྱ་ནག་གིས་རང་ཉིད་ཀྱི་ཁ་ཟས་དེ་དར་ཁྱབ་གཏོང་ཐབས་ཤིག་རྙེད་ཀྱིན་ཡོད་པ་ལྟར། འཛམ་གླིང་ཡུལ་ཕྱོགས་གང་སར་གནས་པའི་རྒྱ་གར་བ་རྣམས་ཀྱིས་ཀྱང་སོ་སོའི་འཚེ་མེད་ཞི་བ་དང་ཆོས་ལུགས་འཆམ་མཐུན་གྱི་ལྟ་གྲུབ་དར་སྤེལ་གཏོང་འོས། དེང་གི་དུས་འདིར་རིས་མེད་ཀྱི་བཟང་སྤྱོད་༼བྱམས་པ་དང་སྙིང་རྗེ༽དང་སྲོལ་རྒྱུན་གྱི་རིན་ཐང་གཉིས་ངེས་པར་དུ་གཞི་གཅིག་ཏུ་སྦྲེལ་དགོས། ཞེས་གསུངས་ཡོད་འདུག

གཞན་ཡང་ྋགོང་ས་མཆོག་གིས་བཞུགས་སྒར་དྷ་སའི་གྷ་གྷིལ་གནམ་ཐང་དུ་གསར་འགོད་པ་ཚོར། ངོས་ཀྱི་མི་ཚེའི་འགན་ཁུར་རམ་ལྷག་བསམ་སེམས་བསྐྱེད་གཅིག་ནི་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན། དེ་ཡང་ལོ་༤༠ཡར་སྔོན་དུ་ངོས་རང་ཧིན་རྡུའི་མ་ཧ་ཁེམ་བྷི་མེ་ལ་དུས་ཆེན་དུ་ཐེངས་དང་པོར་ཞུགས་དུས། ནང་བའི་ཆོས་སྡེ་ཁག་ནས་ང་ལ་ངོ་རྒོལ་ལྟ་བུ་བྱས་སོང༌། འོན་ཀྱང་ད་ལྟ་མི་ཚང་མས་ངའི་འགན་ཁུར་དེ་མཁྱེན་རྟོགས་གསལ་བོ་ཡོད་པ་རེད། ཅེས་བཀའ་བསྩལ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།