བལ་བོད་ས་མཚམས་སུ་དམ་དྲགས་ཆེན་པོ་བྱེད་བཞིན་ཡོད་པས་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ན། ཕྱི་ལོ་༢༠༡༠ཟླ་༤ཚེས་༣ཉིན། དེང་སང་བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་གྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་རེད། གང་ཡིན་ཟེར་ན་བོད་ཀྱི་མཐའ་མཚམས་ཁག་ཏུ་རྒྱ་མིས་དམ་དྲགས་ཆེན་པོ་བྱེད་བཞིན་ཡོད་པ་རེད་ཅེས། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་ཉི་ཧོང་དུ་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ཡང་ཉེ་ཆར་བཙན་བྱོལ་བོད་གཞུང་གི་བཀའ་བློན་དང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་སོགས་ཉི་ཧོང་དུ་གཟིགས་སྐོར་ཕེབས་སྐབས། ཉི་ཧོང་གི་རྒྱལ་ས་ཁྲོ་ཡོབ་ཏུ་ཕྱི་རྒྱལ་གསར་འགོད་འབྲེལ་མཐུད་ལྷན་ཁང་གིས་གོ་སྒྲིག་འོག གསར་འགོད་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང༌། སྐབས་དེར་བཀའ་བློན་བསྟན་པ་ཚེ་རིང་མཆོག་གིས་དུས་རྒྱུན་ལོ་ལྟར་བོད་ནས་བོད་མི་༢༥༠༠ནས་༣༠༠༠བར་བྲོས་བྱོལ་དུ་ཡོང་གི་ཡོད་པ་རེད། འོན་ཀྱང་ཕྱི་ལོ་༢༠༠༨ཟླ་༣པའི་ནང་བོད་ནང་དུ་ཞི་རྒོལ་བྱས་པ་ནས་བཟུང༌། བྲོས་བྱོལ་དུ་ཡོང་མཁན་གྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་རེད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཡོད་པ་དང༌།

ཡང་ཁོང་གིས་༼ན་ནིང་བོད་ནས་ཁྱོན་མི་གྲངས་༦༠༠ཙམ་ལས་༽སླེབས་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་གཅིག་ནི་བོད་ནང་དུ་དམ་དྲག་དང༌། གཉིས་ནི་ས་བལ་བོད་ས་མཚམས་ཀྱི་ལམ་ཁ་དེ་ཚོ་བཀག་སྡོམ། གནད་དོན་གསུམ་པ་དེ་བལ་ཡུལ་ནང་རྒྱ་ནག་གིས་བལ་ཡུལ་ཉེན་རྟོག་དམག་མིར་ས་མཚམས་འགག་སྒོ་འགོག་སྲུང་ཐད་སྦྱོང་བརྡར་དང་མཐུན་རྐྱེན་སྦྱོར་བཞིན་ཡོད་པས་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

དེང་གི་ཆར་བལ་ཡུལ་ནི་རྒྱ་ནག་གི་གནོན་ཤུགས་འོག་འཚར་ལོངས་འབྱུང་བཞིན་པ་དང༌། བོད་མི་སུ་ཞིག་ཧི་མ་ལའི་ས་ཁུལ་བརྒྱུད་རྒྱ་གར་དུ་བཙན་བྱོལ་འགྲོ་རྒྱུའི་ས་མཚམས་བརྒལ་ཚེ་རྒྱ་མི་ཙམ་མ་ཟད་བལ་ཡུལ་ཉེན་རྟོག་དམག་མི་ལས་ཀྱང་རྡུང་རྡེབ་དང་མནར་གཅོད་མང་པོ་མྱོང་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།