དགོངས་ཚུལ།

དཔལ་འབྱོར་ལམ་ལུགས་དང་འགྲོ་བ་མིའི་བཟང་སྤྱོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡ཉིན། ཉེ་བའི་འཛམ་གླིང་དཔལ་འབྱོར་ཉམས་ཉེས་ཀྱིས་ང་ཚོའི་དཔལ་འབྱོར་ནི་འདོད་རྔམ་བྱེད་རིན་མེད་པར་ཉམ་དམས་པ་དང༌། ཡང་དག་མིན་པའི་དཔལ་འབྱོར་འཚོལ་སྒྲུབ་བྱེད་ཐབས་ཀྱིས་མཇུག་འབྲས་ག་རེ་བསྐྲུན་པ་གསལ་སྟོན་བྱས་འདུག དེ་ན་ཁྱོད་རང་ད་ལྟའི་དཔལ་འབྱོར་གནས་བབས་ལ་སེམས་ཁུར་དང་གདམ་ང་ཅན་གྱི་ཐབས་ལམ་གཞན་སྐོར་ཤེས་འདོད་ཀྱི་སྤྲོ་སྣང་ཡོད་དམ།

དེ་ཡང་ཐེངས་ཉི་ཤུ་བའི་སེམས་དང་ཚེ་སྲོག་ཅེས་པའི་བགྲོ་གླེང་ལྷན་ཚོགས་དེ་ཟླ་འདིའི་ཚེས་༩ནས་༡༡བར་སུད་སིའི་གྲོང་ཁྱེར་ཆེ་ཤོས་བཟའོ་རེས་ཁའུ་ནང་སྐོང་ཚོགས་གནང་རྒྱུ་གཏན་འཁེལ་འདུག་ལ། བཟའོ་རེས་ཁའུ་གཙུག་ལག་སློབ་གྲྭ་ཆེན་མོས་མཐུན་སྦྱོར་རོགས་སྐྱོར་ཞུས་པའི་ལྷན་ཚོགས་འདིའི་ཐོག་བོད་ཀྱི་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུས་འཛམ་གླིང་དཔལ་འབྱོར་རིག་པ་བ་དང༌། སེམས་ཁམས་རིག་པ་བ། ཀླད་ཁམས་རིག་པ་བ། ཚད་མ་རིག་པ་བ། སྒོམ་རིག་མཁས་པ་སོགས་ངོ་ཕེབས་གནང་སྟེ། འཛམ་གླིང་དཔལ་འབྱོར་ལམ་ལུགས་ནང་གཞན་ཕན་དང་སྙིང་རྗེའི་ལམ་སྲོལ་གསར་བསྐྲུན་གནང་ཐབས་ཐད་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས་བགྲོ་གླེང་གོ་བསྡུར་གནང་རྒྱུ་རེད།

སེམས་དང་ཚེ་སྲོག་ཅེས་པའི་བགྲོ་གླེང་ལྷན་ཚོགས་ནི་ྋགོང་ས་མཆོག་དང༌། ཀླད་ཁམས་རིག་པ་བ་ཕི་རན་སི་སི་ཁའོ། དེ་མིན་ཨ་རིའི་ཚོང་ལས་པ་ཨ་ཌམ་བཅས་ཀྱིས་མཉམ་རུབ་སྒོས་ཕྱི་ལོ་༡༩༨༧ལོར་དབུ་འཛུགས་གནང་བའི་སེམས་དང་ཚེ་སྲོག་ལྟེ་གནས་ཁང་གིས་བཀོད་སྒྲིག་ཞུ་བཞིན་མཆིས་པ་དང༌།

ད་ལྟའི་བར་བཞུགས་སྒར་དྷ་རམ་ས་ལར་བགྲོ་གླེང་གོ་བསྡུར་ཐེངས་༡༡དང༌།  ཡོ་རོབ་དང་ཨ་རི་རྒྱལ་ཁབ་སོགས་སུ་ཐེངས་༨ལ་བྱུང་ནས་དེང་གི་ཚན་རིག་དང་གནའ་བའི་ཆོས་ལུགས་སྲོལ་རྒྱུན་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཐུབ་ཡོད་པ་རེད། 

གཞན་ཡང་ཕྱི་ཚེས་༡༡ཉིན། ྋགོང་ས་མཆོག་གིས་སུད་སིའི་བཟའོ་རེས་ཁའུ་གྲོང་ཁྱེར་གྱི་ལུས་རྩལ་རྭ་བ་ཧའེ་ལན་སི་ཊེ་ཌོན་ཞེས་པའི་ནང་མང་ཚོགས་ལ། ཀུན་ཁྱབ་འགན་འཁྲི་དང་དཔལ་འབྱོར་ཞེས་པའི་བརྗོད་གཞིའི་སྒང་ལ་བཀའ་སློབ་བསྩལ་རྒྱུ་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།