རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ལོ་ངོ་དྲུག་ཅུ་འཁོར་སོང་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡ཉིན། དེ་རིང་ནི་རྒྱ་དཀར་ནག་གཉིས་དབར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་ཚིགས་ཞིག་ཆགས་ཀྱི་ཡོད་ཚུལ་དང༌། རྒྱ་ཁབ་གཉིས་དབར་གྱི་སྲིད་འཛིན་དང་སྲིད་བློན་ཕན་ཚུན་གློག་འཕྲིན་གཏོང་རེས་སྐབས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས། དེ་སྔོན་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་འོག་རྒྱལ་ཁབ་གཉིས་དབར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བཟང་པོ་མུ་མཐུད་འཕེལ་རྒྱས་སུ་སོང་ཡོད་ཅེས་དང༌། ཡང་ཁོང་གིས་ཕྱོགས་གཉིས་ཀྱིས་ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་ལས་དོན་ཐད། འཐབ་ཇུས་སུ་མཉམ་ལས་གྲོགས་པའི་འབྲེལ་བ་བཙུགས་ཤིང༌། ཆབ་དཔལ་རིག་གསུམ་ཐད་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕན་ཚུན་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཡོད་ཟེར།

དེའི་ལན་དུ་རྒྱ་གར་གྱི་སྲིད་འཛིན་ལྕམ་པཱ་ཏི་ཝལ་གྱིས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་འོག རྒྱ་གར་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་བཟང་སོང་བ་དང༌། ཕྱོགས་གཉིས་ཀྱིས་ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཤིང༌། ང་ཚོས་རྒྱུན་དུ་ཕན་ཚུན་བརྗེ་རེས་དང་མཉམ་ལས་བཟང་པོ་བྱས་པ་ཡིན་ན། ཨེ་ཤ་ཡ་ཙམ་མ་ཟད་འཛམ་གླིང་ཞི་བདེ་དང་ལྷིང་འཇགས་ལ་ཕན་ནུས་ལྡན་སྲིད་ཅེས་གསུངས་ཡོད་འདུག

ཉིན་དེར་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས། ཀྲུང་གོ་དང་རྒྱ་གར་གཉིས་བར་ལོ་ངོ་ཉིས་སྟོང་ལྷག་གི་སྲོལ་རྒྱུན་གྱི་མཛའ་བཤེས་འབྲེལ་བ་ཆགས་ཡོད་ལ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་ལ་ཞི་བདེ་མཛའ་མཐུན་དང་གཉིས་ཕན་མཉམ་ལས་བྱེད་པ་ནི། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གཙོ་བོ་དེ་ཡིན་ཟེར།

ཡང་དེའི་ལན་དུ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་མཆོག་གིས། ད་ལྟ་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་ཡོད་པ་དེ། རྒྱལ་ཁབ་གཉིས་ཀྱི་མི་མང་གི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་དང་ཡང་ན་འཛམ་གླིང་གི་ཞི་བདེ་དང་བརྟན་རླིང༌། འཕེལ་རྒྱས་བཅས་ཀྱི་ཐད་ལའང་ཕན་ཐོག་ཆེན་པོ་ཡོད་པས། ང་ཚོས་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་ཅེས་ལན་བཏབ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།