གཉིས་མོས་ཀྱིས་བོད་དོན་དཀའ་རྙོག་སེལ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༧ཉིན། ཉེ་ཆར་རེས་གཟའ་ཕུར་བུ་ཉིན་བྷེ་ཇམ་གྱི་རྒྱལ་ས་བྷུ་རུ་ཟལ་ནང་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་སུ། གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེང་གི་ཆར་བོད་ནང་དུ་ཆབ་སྲིད་ཀྱི་གནས་སྟངས་དང༌། ཕྱི་ལོ་༢༠༠༨ལོར་ཞི་རྒོལ་དང་འབྲེལ་བའི་གནད་དོན་ལ་བསྐྱར་ཞིབ་ཀྱིས་བགྲོ་གླེང་ཞིག་ཚོགས་ཡོད་འདུག་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ཚོས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ལ་གཞིག་པའི་ཡོ་རོབ་མཉམ་འབྲེལ་གྱི་ངོས་ནས་བོད་དོན་སྐོར་དམིགས་བསལ་སྐུ་ཚབ་ཆེད་འཛུགས་དང་། བོད་ནང་ལ་ཞིབ་དཔྱོད་ཚོགས་ཆུང་ཞིག་གཏོང་དགོས་ཀྱི་ཡོད་པའི་སྐོར་བརྗོད་ཡོད་འདུག

བགྲོ་གླེང་གྲོས་བསྡུར་སྐབས། ཡོ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་མཱ་རོ་སི་ལགས་ཀྱིས། ང་ཚོར་ད་ལྟའི་ཆར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གསར་འགྱུར་བརྒྱུད་ལམ་དང༌། ཕྱི་འབྲེལ་གྱི་མི་སྣ། དེ་བཞིན་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་གནང་མཁན་ཚོགས་སྡེ་སོགས་འགྲོ་བསྐྱོད་བཀག་སྡོམ་མུ་མཐུད་ནས་བྱས་ཡོད་པ་དང༌། དེ་བཞིན་༧གོང་ས་མཆོག་གིས་སྐུ་ཚབ་དང་རྒྱ་ནག་དབང་འཛིན་པ་དེ་ཚོའི་དབར་གྲོས་མོལ་གྱི་ཡར་རྒྱས་ཉུང་དྲགས་པ་དེ་དག་ང་ཚོར་སེམས་ཁྲལ་འདུག་ཅེས་དང༌། 

༼ཡོ་རོབ་མཐུན་ཚོགས་ཀྱིས་གོ་བ་ལོག་སྒྲུབ་ཀྱི་འགྲེལ་བརྗོད་གང་ཡང་བྱེད་འདོད་མེད་པར་ངས་ནན་བརྗོད་ཞུ་རྒྱུ་ཞིག་ནི། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་ཐེ་བའི་རྒྱ་ནག་ལ་བདག་དབང་གཙང་མ་ཡོད་པ་དང༌། ཁ་བྲལ་ཐབས་མེད་པའི་ས་སྡེ་མངའ་ཁོངས་དེ་དག་བརྩི་སྲུང་བྱེད་ཀྱི་ཡོད།༽

འོན་ཀྱང་ང་ཚོས་རྒྱུན་དུ་༧གོང་ས་མཆོག་གིས་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབང་འཛིན་པ་དབར་ཞི་བདེ་འགྲིགས་འཇགས་ལ་གྲོས་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མཐུན་འགྲིག་གི་གྲོས་མོལ་དེའི་བརྒྱུད་བོད་ཀྱི་རིག་གཞུང་དང༌། ཆོས་ལུགས། སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོབ་བྱ་ཆེད་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ལམ་ལུགས་ཤིག་དགོས་ཀྱི་ཡོད་པ་རེད།

༼ད་དུང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ནང་བོད་མི་ཚང་མ་མཉམ་ཞུགས་ཡོད་དགོས་པ་ཡིན།༽ཡོ་རོབ་མཉམ་འབྲེལ་གྱི་ངོས་ནས་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་རེད། ང་ཚོས་འགྱུར་བ་མེད་པའི་སྐད་ཆ་འདི་ང་ཚོའི་ཐད་དུ་ཡོད་པའི་རྒྱ་ནག་ལ་བརྒྱུད་བསྒྲགས་དང༌། ཁོང་ཚོའི་ལྟ་ཚུལ་ལ་གཟབ་ནན་ཐོག་ཉན་ཞིབ་དང་ང་ཚོས་འབད་བརྩོན་ཡོད་ཚད་ཀྱིས་ཁོང་ཚོའི་སེམས་ནང་ལ་ཕན་ཚུན་ལྟོས་གྲུབ་ཀྱི་བརྩི་འཇོག་ལ་ངེས་ཤེས་རྙེད་པ་བཟོ་རྒྱུ་ཡིན།

འབྲེལ་མོལ་གྱི་གྲུབ་འབྲས་དང་འབྲེལ་མོལ་གྱི་རྒུལ་ཤུགས་ནི་ཧ་ཅང་ཞན་པོ་ཡིན་ཡང༌། ཕྱོགས་གཉིས་ཀས་མུ་མཐུད་ནས་སྐད་ཆ་བྱེད་རྒྱུ་ནི། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རེ་བ་དང་དགའ་བསུ་ཡོད་ཅེས་གསུངས་ཡོད་འདུག

དེ་རྗེས་གྲོས་ཚོགས་འཐུས་མི་ཚོས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ལ་གཞིགས་པའི་ཡོ་རོབ་མཉམ་འབྲེལ་གྱི་ངོས་ནས་བོད་དོན་སྐོར་དམིགས་བསལ་སྐུ་ཚབ་ཆེད་འཛུགས་དང༌། དེ་བཞིན་ཡོ་རོབ་མཉམ་འབྲེལ་གྱི་ཆེས་མཐོའི་སྐུ་ཚབ་དང་ཕྱི་སྲིད་བློན་ཆེན་བྷ་རོའོ་ནིང་སི་ལགས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་མཇལ་འཕྲད་ཀྱིས་བོད་ནང་ལ་ཞིབ་དཔྱོད་ཚོགས་ཆུང་ཞིག་གཏོང་དགོས་ཀྱི་ཡོད་པའི་སྐོར་བརྗོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།