གྷོ་ཌེ་ཌིས་རྒྱ་ནག་གི་དྲ་རྒྱའི་ཁ་བྱང་དེབ་སྐྱེལ་འཚམས་འཇོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༦ཉིན། གྷུལ་གྷལ་དང་རྒྱ་ནག་གཞུང་དབར་བོད་དང་ྋགོང་ས་མཆོག དེ་བཞིན་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང༌། བོད་རང་དབང་འཐབ་རྩོད་སོགས་ཀྱི་མིང་ཚིག་དང་པར་རིས་གནད་དོན་ཁག་རང་དབང་ངང་དྲ་རྒྱ་དེའི་ཐོག་འཚོལ་ཞིབ་དང་ཐད་གཏོང་བྱེད་རྒྱུ་ལ་འགལ་ཟླ་ཆེན་པོ་ལྷག་པའི་རྗེས་དེ་མ་ཐག་འཛམ་གླིང་ཐོག་དྲ་རྒྱའི་ཁང་མངགས་ཉོ་དང་དེབ་སྐྱེལ་བྱ་སའི་གྷོ་ཌེ་ཌི་ཞེས་པའི་དྲ་རྒྱ་ཚོང་ལས་ཁང་གིས་རྒྱ་ནག་ནས་དྲ་རྒྱའི་ཁ་བྱང་དེབ་སྐྱེལ་བྱེད་རྒྱུར་མཚམས་བྱེད་རྒྱུ་ཡིན་ལུགས་དངོས་སུ་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་ཡང་གྷོ་ཌེ་ཌི་ཞེས་པའི་དྲ་རྒྱ་ཚོང་ལས་ཁང་གིས་རྒྱ་ནག་ནས་དྲ་རྒྱའི་ཁ་བྱང་དེབ་སྐྱེལ་བྱེད་རྒྱུར་མཚམས་བྱེད་རྒྱུ་ཡིན་པའི་གནས་སྟངས་དེའི་འོག་གོ་ལ་འདིའི་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་དྲ་རྒྱའི་བརྒྱུད་ལམ་ནས་འཛམ་གླིང་མི་མང་དང་ཐག་ཇེ་ཉེ་ཡོང་ཐབས་ལ་གནས་སྟངས་བཟང་དུ་འགྲོ་རྒྱུ་ཡིན་པ་གནས་ཚུལ་དབྱེ་ཞིབ་པ་ཚོས་ཤོད་ཀྱི་ཡོད་པ་མ་ཟད། བོད་དོན་འབྲེལ་བའི་དྲ་རྒྱའི་བརྒྱུད་ལམ་ཁག་གི་བདེ་འཇགས་སྲ་བརྟན་དང༌། གཏམ་བརྗོད་རང་དབང་བཅས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག

གནད་དོན་དེའི་ཐད་གྷོ་ཌེ་ཌི་ཞེས་པའི་དྲ་རྒྱ་ཚོང་ལས་ཁང་གི་འགྲིན་ཚབ་པ་ཁི་སི་ཊིན་ཇོ་ནེ་སི་ལགས་ཀྱིས་གསུངས་དོན། གྷོ་ཌེ་ཌི་ཞེས་པའི་དྲ་རྒྱ་ཚོང་ལས་ཁང་གིས་རྒྱ་ནག་ནས་དྲ་རྒྱའི་ཁ་བྱང་དེབ་སྐྱེལ་བྱེད་རྒྱུར་མཚམས་འཇོག་གི་ཐག་གཅོད་དེ་ནི་རྒྱ་ནག་གཞུང་གིས་ཉེ་དུས་རྒྱ་ནག་དང་ཚོང་འབྲེལ་ཡོད་པའི་དྲ་རྒྱའི་ཚོང་ལས་ཁང་དེ་དག་གིས་ངེས་པར་དུ་ཚོང་ལས་དྲ་རྒྱར་དེབ་སྐྱེལ་བྱས་ཡོད་པའི་མི་སྒེར་གྱི་གནས་ཚུལ་ཞིབ་ཕྲ་རྩིས་སྤྲོད་དགོས་པའི་གསལ་བསྒྲགས་བྱས་པའི་རྗེས་སུ་བྱུང་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད། དེ་ཡང་ཁོང་གིས་མུ་མཐུད་གསུངས་དོན། དེས་མ་ཟད་མི་རེ་རེའི་ངོས་ནས་སོ་སོའི་དྲ་རྒྱའི་ཁ་བྱང་དང༌། སྡོད་གནས་ཁ་བྱང༌། ཁ་པར་ཨང་གྲངས། གློག་འཕྲིན་ཁ་བྱང་བཅས་གསལ་པོ་བཟོས་ནས་རྒྱ་ནག་གཞུང་ལ་རྩིས་དགོས་ཚུལ་གསལ་བསྒྲགས་སུ་བཀོད་འདུག་ཅེས་དང༌། མི་སྣ་དེ་དག་གི་ལས་དོན་ཇི་ཡིན་དང་དེབ་སྐྱེལ་སྐབས་སུ་ཕུལ་བའི་འགེངས་ཤོག་གི་ངོ་བཤུས། དྲ་བདག་སོ་སོའི་ཕྲག་སྟོད་དང་དབུ་ཡི་ཕྱེད་པར་ཡང་ཡར་སྤྲོད་དགོས་ཚུལ་ཁྲིམས་གསར་པ་དེར་བཀོད་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

འོན་ཀྱང་ང་ཚོའི་ངོས་ནས་དེ་མ་ཐག་རྒྱ་གཞུང་གིས་དྲ་རྒྱར་དོ་དམ་དང་དམ་དྲག་ཆེན་པོ་དེར་དོ་སྣང་ཞུས་པ་ཡིན་ཞེས་དང༌། ང་ཚོའི་གྷོ་ཌེ་ཌི་དྲ་རྒྱའི་ཚོང་དོན་ཁང་གིས་རྒྱ་ནག་དང་ལྷན་དུ་དྲ་རྒྱའི་བརྒྱུད་ལམ་གྱི་རང་དབང་འགོག་རྒོལ་བྱས་ཏེ་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོའི་སྒེར་གྱི་གནས་ཚུལ་ཡོངས་རྫོགས་གཙང་བཤེར་བྱེད་འདོད་མེད་ཅེས་དང༌། ད་དུང་རྒྱ་ནག་གི་གསང་ཉུལ་བ་ཀྱང་ཀྱང་བྱེད་འདོད་དེ་ལས་ཀྱང་མེད་ཅེས་གསུངས་ཡོད་པ་རེད།

གང་ལྟར་གོང་གི་གནད་དོན་ལྟར་དྲ་རྒྱའི་ཚོང་ལས་ཁང་དེ་དག་གིས་གྷོ་ཌེ་ཌི་དང་གྷུལ་གྷལ་ཚོང་ལས་ཁང་གཉིས་ནས་རྒྱ་ནག་ནས་ཕྱིར་འཐེན་གནང་སྟེ་ཚོང་ལས་ཐད་ཕན་འབྲས་ཐོན་ཚེ་བོད་དང་རྒྱ་ནག་གཉིས་སུའང་གཏམ་བརྗོད་རང་དབང་དང་དྲ་རྒྱའི་རང་དབང་ལ་འགྱུར་བ་བཟང་ཕྱོགས་སུ་འགྲོ་བའི་རེ་བ་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།