བོད་དོན་དང་འབྲེལ་བའི་དོཌ་འདྲི་ཟེར་བར་སྐྱོན་བརྗོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ཟླ་༣ཚེས་༢༦ཉིན། ཕི་རན་སིའི་རྒྱལ་ས་པེ་རི་སིར་རྟེན་གཞི་བྱེད་ཡོད་པའི་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་ཟླ་འདིའི་ཚེས་༢༥ཉིན་སྤེལ་བའི་གསལ་བསྒྲགས་ལྟར་ན། ཨ་རི་དང་ཡོ་རོབ་ཐེ་བའི་རྒྱ་ནག་གི་ཕྱི་ཕྱོགས་སུ་བཞུགས་པའི་རྒྱ་རིགས་རྣམས་དང་ལྷག་པར་དུ་རྒྱ་ནག་པེ་ཅིང་མཐོ་སློབ་ཀྱི་མིང་གི་ཐོག་ནས་རྒྱ་དམར་པོའི་གཞུང་གིས་བོད་དོན་དང་ྋགོང་ས་མཆོག་གི་སྐོར་བསམ་ཚུལ་བསྡུ་རུབ་བྱས་ཁུལ་བྱས་པའི་རྒྱ་ཡིག་ཐོག་བྲིས་པའི་དོགས་འདྲིའམ་དྲི་བ་ཁག་གསུམ་དེ་གསར་འགོད་རང་དབང་ཚོགས་པ་དེར་འབྱོར་ཏེ་དངོས་སུ་ཟླ་འདིའི་ཚེས་༢༥ཉིན་དྲ་ཐོག་བཏང་ཡོད་པ་རེད།

དེ་ཡང་གསར་འགོད་རང་དབང་ཚོགས་པ་དེས་གསུངས་གསལ་ལྟར་ན། རྒྱ་ནག་གཞུང་གིས་གོང་གསལ་གྱི་དྲི་བ་དེ་ཚོ་པེ་ཅིང་མཐོ་སློབ་ནས་བཏོན་པའི་ཁུལ་བྱས་ནས་རྒྱ་ནག་གི་མི་སེར་དང་ལྷག་པར་དུ་ཡོ་རོབ་ཡུལ་གྲུ་ཁག་གིས་གཙོས་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་ཚོར་དོགས་འདྲིའི་ཡིག་ཆ་དེ་ཚོ་འགྲེམས་སྤེལ་བྱས་ཏེ་བཟང་སྤྱོད་ཀྱི་རྣམ་པའི་ཐོག་ནས་བོད་ཀྱི་དཀའ་ངལ་ཐད་མཐོ་རིམ་སློབ་མས་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་ཚུལ་ཤོད་ཀྱི་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་ཚོས་བོད་ཀྱི་གནད་དོན་ཐོག་བསམ་ཚུལ་ཇི་ཡོད་ཚོད་ལྟ་ཞིག་བྱེད་རྒྱུའི་གོ་སྐབས་ཤིག་རག་ཐབས་བྱས་ཡོད་པ་རེད།

དྲི་བ་དེ་ཚོའི་ནང་འཁོད་དོན། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པས་ན་དེའི་ཐོག་ཁྱེད་རང་གི་དགོངས་ཚུལ་གང་འདྲ་ཡོད་དམ་ཞེས་པ་དང༌། ཡང་ཏཱ་ལའི་བླ་མས་གསུ་གཅིག་བཞིའི་སྐབས་ལངས་ཕྱོགས་གང་འདྲ་ཞིག་འཛིན་ཡོད་པ་རེད་དམ་ཞེས་པ་དང༌། ད་དུང་ཕྱི་ཕྱོགས་སུ་རྒྱ་རིགས་ཚོས་བོད་དོན་དང་འབྲེལ་བའི་ཕྱི་ནང་གི་གསར་འགྱུར་དང་གནས་ཚུལ་གང་འདྲ་བྱས་ནས་ཤེས་ཐབས་གནང་ཡོད་མེད་སོགས་ཡོད་པ་རེད།

འདིའི་སྔོན་ཙམ་དུ་གསར་འགོད་རང་དབ་ཚོགས་པ་དེས་༢༠༠༨ལོ་ནས་ད་བར་བོད་ནང་བོད་མི་༥༠ལྷག་བོད་ཀྱི་གསར་འགྱུར་དང་གནས་ཚུལ། པར་རིས་དང་གློག་བརྙན་སོགས་ཕྱི་ཕྱོགས་སུ་བཏང་བའམ་རྒྱལ་ཁབ་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་བཙུགས་ཏེ་རྒྱ་ནག་གཞུང་གིས་ཁྲིམས་ཆད་བཏང་བའམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང༌། དེ་ཉེ་དུས་སེར་རྟ་ནས་ཡིན་པའི་དགེ་འདུན་པ་ཞིག་ལའང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་ཤོར་ཐེབས་པའི་ནག་ཉེས་འོག་མི་ལོ་བདུན་རིང་བཙོན་འཇུག་ཁྲིམས་ཆད་བཏང་བ། བོད་དོན་དང་ྋགོང་ས་མཆོག དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་གནས་ཚུལ་དང་དྲ་གནས་བཀག་འགོག་ཚབས་ཆེན་འོག་འཛམ་གླིང་ཆེས་སྙན་གྲགས་ཆེ་བའི་གྷུལ་གྷལ་གནས་ཚུལ་ཞིབ་དྲ་བའི་ཡན་ལག་རྒྱ་ནག་ནས་ཧོང་ཀོང་དུ་མ་སྤོས་རང་སྤོ་ཆགས་ཡོད་པ་སོགས་གནས་ཚུལ་ལ་བརྟེན་ནས་རྒྱ་གཞུང་གིས་གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་ཐོག་རྡོག་རོལ་གཏོང་ཤུགས་ཇེ་ཆེར་བཏང་ཡོད་པ་རེད།།

རྒྱ་ཡིག་ཡོད་པའི་དྲི་བ་ཁག: དོགས་འདྲི་ཟེར་བ་དང་པོ། (༡) དོགས་འདྲི་ཟེར་བ་གཉིས་པ། (༢) དོགས་འདྲི་ཟེར་བ་གསུམ་པ། (༣)

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།